《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྒྱས་བཤད་བཏུས་བསྒྲིགས》ཀྱི་ཨུ་རུ་སིའི་ཡི་གེའི་པར་གཞི་པར་སྐྲུན་འགྲེམ་སྤེལ་བྱས།
2024.05.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྒྱས་བཤད་བཏུས་བསྒྲིགས》ཞེས་པའི་དེབ་ཀྱི་ཨུ་རུ་སིའི་ཡི་གེའི་པར་གཞི་དེ་ཉེ་ལམ་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་དང་རྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྤེལ་བྱས།

《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྒྱས་བཤད་བཏུས་བསྒྲིགས》དེ་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས2012ལོའི་ཟླ11པ་ནས2023ལོའི་ཟླ10པའི་བར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་ནས་སྤེལ་བའི་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་བསྡུས་ཡོད། དེབ་དེའི་ཨུ་རུ་སིའི་ཡི་གེའི་པར་གཞི་དང་དེའི་སྔོན་ལ་པར་སྐྲུན་བྱས་པའི་དབྱིན་ཡིག་དང་ཧྥ་རན་སིའི་ཡི་གེའི་པར་གཞི་དེ་ཕྱི་རྒྱལ་གྱི་ཀློག་པ་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞུང་ལུགས་མ་ལག་དང་ལག་ལེན་གྱི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐྱོད་ལམ་གསར་པར་བསྐྱོད་པ་དང་། མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་བསྐྲུན་པ། དེང་རབས་ཅན་གྱི་དཔེ་རིས་གསར་པ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ལམ་དུ་བསྐྱོད་དེ། ཞི་བདེའི་འཕེལ་རྒྱས་དང་གཉིས་ཕན་མཉམ་ལས། ཐུན་མོང་དར་སྤེལ་བཅས་ཀྱི་འཛམ་གླིང་དེང་རབས་ཅན་གྱི་ཐུན་མོང་ངོས་འཛིན་མངོན་འགྱུར་བཅས་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

ཤ་བོ་རིན་མཚོས་བསྒྱུར།