ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་ལྟར་གཤམ་གསལ་ཕྱི་རྒྱལ་དུ་སྡོད་པའི་གཞུང་ཚབ་ཆེན་མོ་བསྐོ་འཐེན་གནང་།
གཅིག རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་འཐུས་མི་སུང་ཝེ་ཏུང་གི་གོ་གནས་བླངས་ཏེ།
ཞུའེ་ཧྥེ་ཧོང་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་འཐུས་མི་རུ་བསྐོ་འཇོག་བྱས།
གཉིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱེད་པའི་འཐུས་མི། ཆེད་བསྐོས་གཞུང་ཚབ་འཐུས་མི་ཀྲང་ཅོན་གྱི་གོ་གནས་བླངས་ཏེ།
ཧྥུའུ་ཚུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱེད་པའི་འཐུས་མི། ཆེད་བསྐོས་གཞུང་ཚབ་འཐུས་མི་རུ་བསྐོ་འཇོག་བྱས།
གསུམ། དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་འཐུས་མི་ཁྲང་ཧྭ་ཡི་གོ་གནས་བླངས་ཏེ།
ཚུང་ཕེ་ཝུའུ་དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་འཐུས་མི་རུ་བསྐོ་འཇོག་བྱས།
བཞི། སོ་ཏི་ཨ་རབ་རྒྱལ་པོའི་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་འཐུས་མི་ཁྲིན་ཝེ་ཆིན་གྱི་གོ་གནས་བླངས་ཏེ།
ཁྲང་ཧྭ་སོ་ཏི་ཨ་རབ་རྒྱལ་པོའི་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་འཐུས་མི་རུ་བསྐོ་འཇོག་བྱས།
ལྔ། ཀེའུ་ནེ་ཡ་པི་སོ་སྤྱི་མཐུན་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་འཐུས་མི་ཀའོ་ཚི་ཡི་གོ་གནས་བླངས་ཏེ།
དབྱང་རིན་ཧོ་ཀེའུ་ནེ་ཡ་པི་སོ་སྤྱི་མཐུན་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་འཐུས་མི་རུ་བསྐོ་འཇོག་བྱས།
དྲུག ཐང་ཀ་རྒྱལ་པོའི་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་འཐུས་མི་ཚའོ་ཞའོ་ལིན་གྱི་གོ་གནས་བླངས་ཏེ།
ལིག་ཝེ་མིན་ཐང་ཀ་རྒྱལ་པོའི་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་འཐུས་མི་རུ་བསྐོ་འཇོག་བྱས།
བདུན། ཏའོ་སྨི་ཉི་ཁེ་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་འཐུས་མི་ལིན་ཞན་ཅང་གི་གོ་གནས་བླངས་ཏེ།
ཁྲུའུ་མའོ་མིན་ཏའོ་སྨི་ཉི་ཁེ་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་འཐུས་མི་རུ་བསྐོ་འཇོག་བྱས།
བརྒྱད། ཨི་ལེ་ཐེ་ལི་ཡ་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་འཐུས་མི་ཚེ་ཀི་ཡི་གོ་གནས་བླངས་ཏེ།
ལིས་ཞང་ཨི་ལེ་ཐེ་ལི་ཡ་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་འཐུས་མི་རུ་བསྐོ་འཇོག་བྱས།
ཤ་བོ་རིན་མཚོས་བསྒྱུར།