ཝུའུ་ཞའོ་ཅུན་གྱིས་ཅང་སུའུ་ཞིང་ཆེན་རིག་གནས་བརྗེ་རེས་ཚོགས་པའི་འགན་འཁུར་པར་ཐུག་འཕྲད་བྱས།
2024.05.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ5པའི་ཚེས14ཉིན། ཅང་སུའུ་ཞིང་ཆེན་འཁྲབ་སྟོན་ཚོགས་པ་མཚོ་སྔོན་དུ་ཡོང་ནས་རིག་གནས་བརྗེ་རེས་བྱས་པ་དང་། གཏམ་བརྗོད་ཟློས་གར《ཁྱིམ》ཞེས་པ་དེ་མཚོ་སྔོན་ཟློས་གར་ཁང་ཆེན་མོ་རུ་འཁྲབ་སྟོན་བྱས།     ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཅང་སུའུ་ཞིང་ཆེན་རིག་གནས་བརྗེ་རེས་ཚོགས་པའི་འགན་འཁུར་པར་ཐུག་འཕྲད་བྱས་པར་མ་ཟད་འཁྲབ་སྟོན་ལ་བལྟས།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་འཁྲབ་སྟོན་མི་སྣ་ཡོངས་མཚོ་སྔོན་དུ་ཡོང་ནས་འཁྲབ་སྟོན་བྱས་པར་དགའ་བསུ་བྱས་པ་དང་། ཅང་སུའུ་ཡི་རྒྱ་ཆེའི་རིག་རྩལ་ལས་དོན་པས་ཅང་སུའུ་དང་མཚོ་སྔོན་ས་ཁུལ་གཉིས་ཀྱི་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས།     ཁོས་བཤད་རྒྱུར། རིག་གནས་བརྗེ་རེས་མཉམ་ལས་ནི་ཅང་སུའུ་དང་མཚོ་སྔོན་གྱིས་རོགས་སྐྱོར་དང་མཉམ་ལས་བྱེད་པའི་ནང་དོན་གལ་ཆེན་ཞིག་རེད།     ཐེངས་འདིའི་གཏམ་བརྗོད་ཟློས་གར《ཁྱིམ》ཞེས་པ་མཚོ་སྔོན་དུ་འཁྲབ་སྟོན་བྱས་ནས་རང་ཞིང་གི་རིགས་སོ་སོའི་མང་ཚོགས་ལ“རིག་གནས་གསོལ་སྟོན་ཆེན་པོ”བསྐྱལ་ནས།   འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྔར་ལས་སྐུལ་འདེད་བཏང་ཡོད།    མིག་སྔར་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་རིག་གནས་དང་ལོ་རྒྱུས་རིག་གནས།    དམར་པོའི་རིག་གནས།    མི་རིགས་རིག་གནས།    མཐོ་སྒང་གི་རིག་གནས་བཅས་སྐྱེད་སྲིང་དང་དར་སྤེལ་བཏང་ནས།“རི་སྔོ་ཆུ་དྭངས་ཀྱི་མཛེས་སྡུག་གི་མཚོ་སྔོན”གྱི་རིག་གནས་མཚོན་རྟགས་མངོན་གསལ་དུ་གཏོང་རྒྱུར་འབད་བཞིན་ཡོད།     ཐེངས་འདིའི་རིག་གནས་བརྗེ་རེས་གོ་སྐབས་སུ་བྱས་ནས། ཅང་སུའུ་དང་མཚོ་སྔོན་ས་ཁུལ་གཉིས་ཀྱི་རིག་གནས་བརྗེ་རེས་མཉམ་ལས་སྟེགས་བུ་སྔར་ལས་སྟོབས་ལྡན་དུ་བཏང་ནས། ས་ཁུལ་གཉིས་ཀྱི་ཁྱད་ལྡན་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་སྐོར་ཞིག་བཏོན་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བསམ་པའི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱ་རྒྱུའི་རེ་བ་ཡོད་ཟེར།

ཅང་སུའུ་རིག་གནས་བརྗེ་རེས་ཚོགས་པའི་འགན་འཁུར་བས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་། མཚོ་སྔོན་དུ་བསྐྱོད་དེ་མཚོ་སྔོན་ལ་སྔར་ལས་ལྷག་པའི་རྒྱུས་ལོན་བྱས་ནས་བརྩམས་ཆོས་རྩེ་གྲ་སྔར་ལས་མང་པོ་གསར་རྩོམ་བྱས་ཏེ། ས་གནས་གཉིས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

ཞིང་ཆེན་གྱི་འགོ་ཁྲིད་ལིའུ་མེ་ཕིན་དང་ཀྲའོ་ཡུའེ་ཞ།    ལིའུ་ཐུང་ཏེ།    ལོའུ་ཀང་།    ཧི་ལུའུ་ཁྲུན།    ཝང་ཞོན།    ལིས་ཞའོ་ནན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།

ཤ་བོ་རིན་མཚོས་བསྒྱུར།