ཚེས16ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོ་རུ་མོ་རོ་ཁོའི་གྲོས་དཔོན་ཨ་ལ་མུས་དང་གྲོས་མོལ་གནང་།
ཚེས16ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོ་རུ་མོ་རོ་ཁོའི་གྲོས་དཔོན་ཨ་ལ་མུས་དང་གྲོས་མོལ་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་མོ་རོ་ཁོ་ནི་མཉམ་ལས་ཀྱི་གྲོགས་པོ་བཟང་པོ་ཡིན། ཉེ་བའི་ལོ་འགའི་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་བོ་མུའུ་ཧན་མའོ་ཏི་སྐུ་ཕྲེང་དྲུག་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་མོ་རོ་ཁོའི་འཐབ་ཇུས་མཉམ་ལས་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་དངོས་སུ་ཁེ་ཕན་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་རོ་ཁོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཨ་རབ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཐུན་མོང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོས་མོ་རོ་ཁོ་ཕྱོགས་ཀྱིས་ཐའེ་ཝན་དང་ཞང་ཀང་། ཞིན་ཅང་བཅས་དང་འབྲེལ་བའི་གནད་དོན་དང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་བསྔགས་བརྗོད་བྱེད་བཞིན་པ་དང་། མོ་རོ་ཁོ་ཕྱོགས་ཀྱིས་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོར་རྒྱབ་སྐྱོར་བྱས་པར་མ་ཟད“འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་གྲོགས་པོའི་ཚན་ཆུང”ནང་ཞུགས་པར་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། མོ་རོ་ཁོ་ཕྱོགས་ཀྱིས་འཛམ་གླིང་བདེ་འཇགས་གྲོས་འགོ་དང་འཛམ་གླིང་དཔལ་ཡོན་གྲོས་འགོ་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱས་པ་དང་དེའི་ནང་ཞུགས་རྒྱུར་དགའ་བསུ་ཞུ་བཞིན་ཡོད། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་དངོས་གཉེར་མཉམ་ལས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། རིག་གནས་དང་སློབ་གསོ། ཡུལ་སྐོར། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་རྒྱ་བསྐྱེད་ནས་དམངས་སེམས་གཅིག་མཐུན་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་མོ་རོ་ཁོ་དང་བཅས་པའི་ཨ་རབ་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། ནུས་ཤུགས་ཡོད་རྒུས་དུས་རབས་གསར་པར་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད། མོ་རོ་ཁོ་ཕྱོགས་ད་ལོའི་སྟོན་ཁར་འཚོགས་གྲབས་ཡོད་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་རྩེ་ཚོགས་ནང་ཧུར་ཐག་གིས་ཞུགས་ནས་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་དགའ་བསུ་ཞུ།
ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་མོ་རོ་ཁོའི་གྲོས་ཚོགས་བར་དུ་མཐོ་རིམ་འཚམས་འདྲི་བྱེད་པའི་རྣམ་པ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས། ཆེད་དོན་ཨུ་ཡོན་ལྷན་ཁང་དང་ཕྱོགས་གཉིས་པོའི་མཛའ་བརྩེའི་ཚན་ཆུང་། བྱ་བའི་སྒྲིག་གཞི། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་གྲོས་མི་བཅས་བར་གྱི་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་ཉམས་མྱོང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས། དངོས་སྒྲུབ་མཉམ་ལས་ལ་ཕན་པའི་བཅའ་ཁྲིམས་ཡིག་ཆར་དུས་ཐོག་ཏུ་ཆོག་མཆན་འགོད་འདོད་ཡོད། སྲིད་ཏང་དང་ས་གནས། མི་གཞུང་རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་སྐུལ་འདེད་བཏང་ནས་ཀྲུང་གོ་དང་མོ་རོ་ཁོའི་སྤྱི་ཚོགས་དང་དམངས་འདོད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་དང་ཨ་རབ་ཀྱི་གྲོས་ཁང་སོགས་ཕྱོགས་མང་རྐྱེན་སྲོལ་ཁྲོད་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ། རྒྱལ་ཁབ་གཉིས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་བྱ་དགོས།
ཀྲའོ་ལི་ཅི་ཡིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་། ཁོང་གིས་བསྟན་དོན། ཀྲུང་གོ་དང་མོ་རོ་ཁོ་གཉིས་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་དཔལ་ཡོན་རྒྱལ་ཁབ་ཡིན་པས། གཉིས་ཀས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་བདམས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་རོ་ཁོ་ཕྱོགས་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་ཤུགས་ཇེ་ཆེར་བཏང་ནས། རང་སོ་སོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་འདོད་ཡོད་ཅེས་གསུངས།
ཨ་ལ་མུས་ཀྱིས་བསྟན་དོན། ཀྲུང་གོར་ཡུན་རིང་འོད་སྟོང་འཕྲོ་བའི་དཔལ་ཡོན་ལྡན། མོ་རོ་ཁོས་ཀྲུང་གོའི་བར་གྱི་འཐབ་ཇུས་མཉམ་ལས་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་། ཀྲུང་གོ་མི་དམངས་ལ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོར་ཡིད་སྨོན་བྱེད་ཀྱིན་ཡོད། མོ་རོ་ཁོས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ནས་ཀྲུང་གོས་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ཡིན། མོ་རོ་ཁོའི་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སོགས་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཟེར།
ཀྲིང་ཅན་པང་གྲོས་མོལ་ལ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།