མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་ཟླ5ཚེས་བཅུ17ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་ཀྲུང་དབྱང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་གྱི་བཀོད་སྒྲིག་རེ་བ་དོན་འཁྱོལ་བྱས་ལ། དཔེ་གཞིར་བརྟེན་ནས་ཀུན་སྤྱོད་གླེང་བ་དང་དཔེ་གཞིར་བརྟེན་ནས་སྒྲིག་ལམ་བཤད་པ། དཔེ་གཞིར་བརྟེན་ནས་བཅའ་ཁྲིམས་གླེང་བ། དཔེ་གཞིར་བརྟེན་ནས་འགན་འཁྲི་གླེང་བ་བརྒྱུད་དེ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ནམ་ཡང་བསམ་བློའི་ཉེན་བརྡ་སྒྲོག་པ་དང་སྒྲིག་ལམ་ཇེ་དམ་དུ་གཏོང་བ། གུས་སྐྲག་གི་སེམས་པ་ཡོད་པར་བྱེད་པ་དང་། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་རྒྱུན་མ་ཆད་པར་སྲ་བརྟན་དུ་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས།
ཁྲིན་ཀང་གིས་བསྟན་དོན། ཉེན་བརྡའི་སློབ་གསོ་སྤེལ་རྒྱུ་ནི་ཏང་གི་སྒྲིག་ལམ་སློབ་གསོའི་གྲུབ་ཆ་གཙོ་བོ་ཡིན་ལ། ཏང་གི་སྒྲིག་ལམ་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་ཤུགས་ཡོད་བྱེད་ཐབས་ཀྱང་ཡིན། ཉེན་བརྡ་ལས་ཉེན་ཟོན་བྱེད་པ་ནི་སྣང་ཚུལ་དང་གནད་དོན་ཡིན་ལ། ཏང་གཤིས་དང་གཤིས་སྤྱོད་མངོན་པར་བྱེད་ཀྱིན་ཡོད་པ་དང་། སྐུལ་འཐེན་མི་བྱེད་པ་དང་མཚམས་མི་འཇོག་པའི་མིར་འཇིགས་སྣང་སྐྱེད་པ་ཡིན་ལ། སློབ་གསོ་གཏོང་ཡུལ་ནི་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པ་ཡིན་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་འཁྱོངས་ལྷོད་མེད་དང་བློ་བརྟན་འགྱུར་མེད་སྒོས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་རྣམ་འགྱུར་གསལ་བོ་དང་ཆོད་སེམས་བརྟན་པོ་མངོན་པར་བྱས་ཡོད།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ལྡོག་ཕྱོགས་ཀྱི་དཔེ་མཚོན་དེ་བསླབ་གཞི་གསོན་པོ་རུ་བྱེད་པ་དང་། རང་ཉིད་ལ་དོ་དམ་ཐུབ་པར་བྱེད་པ་དང་། ཁྱིམ་མིར་དོ་དམ་བཟང་བོ་བྱེད་པ། ཉེ་འགྲམ་གྱི་མི་ལ་དོ་དམ་བཟང་བོ་བྱེད་པ། ལས་བྱེད་པའི་དཔུང་སྡེར་དོ་དམ་བཟང་བོ་བྱེད་པ། བསམ་བློའི་འགོ་ཁུངས་ནས་རུལ་སུངས་ཀྱི་འདུ་ཤེས་མེད་པར་བྱེད་པ། སྒྲིག་ཁྲིམས་ཐད་ཀྱི་གུས་སྐྲག་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རྒྱུན་མཐུད་ངང་གཟབ་ནན་གྱི་སྣང་ཚུལ་བསྐྲུན་ནས། སེམས་ཤུགས་གཅིག་བསྡུས་ཀྱི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས། སྒྲིག་ལམ་སྣ་དྲུག་དེ་མཐོ་གནོན་སྣེ་ཐིག་ཏུ་བརྩིས་ནས། ངེས་པར་དུ་ཆབ་སྲིད་ཀྱི་སྒྲིག་ལམ་དང་རྩ་འཛུགས་ཀྱི་སྒྲིག་ལམ། སྲིད་གཙང་གི་སྒྲིག་ལམ། མང་ཚོགས་ཀྱི་སྒྲིག་ལམ། བྱ་བའི་སྒྲིག་ལམ། འཚོ་བའི་སྒྲིག་ལམ་ཇེ་དམ་དུ་གཏོང་བ་དང་། ཆབ་སྲིད་བརྟན་པའི་བསམ་ཤེས་ཅན་དང་གཏམ་སྤྱོད་གཅིག་མཐུན་གྱི་མི་དྲང་པོ། སྲོལ་བཟང་སྲིད་གཙང་གི་མི་གཙང་མ། མང་ཚོགས་ཀྱི་བློ་གཏད་ཆོག་པའི་སྙིང་གྲོགས། འགན་འཁྲི་ལག་བསྟར་བྱེད་པའི་མི་ཚུལ་ལྡན། ཀུན་སྤྱོད་བཟང་བའི་མི་རྣམ་དག་བཅས་བྱེད་དགོས། ཏང་བཅོས་སྐྱོང་དང་དཔོན་པོར་བཅོས་སྐྱོང་བྱེད་རྒྱུ་དེ་འགན་བབ་བྱ་བ་རུ་བརྩིས་ནས། སྣེ་ཁྲིད་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དམ་འཛིན་བྱེད་པ་དང་། སྣེ་ཁྲིད་དེ་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། སྣེ་ཁྲིད་དེ་ལམ་ལུགས་ལག་བསྟར་བྱེད་པ། རང་ངོས་ཚོད་འགོག་བྱེད་པར་ཤུགས་སྣོན་པ། རིམ་པ་བཞིན་གནོན་ཤུགས་བརྒྱུད་ཁྲིད་བྱེད་པ། ཚན་ཁག་གིས་དཔུང་སྡེའི་སྣེ་ཁྲིད་པ་དམ་འཛིན་བྱེད་པ། སྒྲིག་ལམ་བརྟན་པོས་ཤུགས་འདོན་པ་དང་བཀག་རྒྱའི་ཐད་ནས་ཟིལ་ཤུགས་མངོན་དུ་བཅུག་སྟེ། ཁག་ཁུར་འགན་འཁྲི་དང་སྤྱོད་གཙང་སྲོལ་བཟང་གི་སྲིད་ཞུགས་ཁོར་ཡུག་བསྐྲུན་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིའུ་མེ་ཕེན་གྱིས་རང་ཞིང་གི་ཉེ་བའི་ལོ་འགའི་རིང་གི་ཁྲིམས་འགལ་སྒྲིག་འགལ་གྱི་དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཚོགས་ཐོག་ཏུ་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཉེན་བརྡའི་སློབ་གསོའི་གློག་བརྙན་ལ་བལྟས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། དམངས་གཙོ་ཏང་ཁག མཐོ་རིམ་སློབ་གླིང་། ཞིང་ཆེན་ཁོངས་གཏོགས་ཁེ་ལས་བཅས་ཀྱི་འགོ་ཁྲིད་ལས་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཚན་ཆུང་གི་ཚན་གཙོ། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཁོངས་གཏོགས་ལྟ་སྐུལ་དོ་དམ་ཁེ་ལས་སྐོར་ཞིག་གི་ཏང་ཨུའི་ཧྲུའུ་ཅི་དང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། རྩ་འཛུགས་པུའུ་ཡི་པུའུ་ཀྲང་བཅས་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།