ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།
2024.05.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

ཟླ5པའི་ཚེས17ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་ཉེར་ལྔ་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིག་སྔར་བཏོན་པའི་གསུངས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་དང་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་སྒྲིག་འགལ་ཟ་འཐུང་གི་བཀག་སྡོམ་ནན་མོ་བཅུ་ལ་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་བླང་བྱ་བཏོན། ཉི་མ་སྒྲོལ་མ་དང་། ཀྲང་ཧོང་ཡོན། ལོས་ཀང་། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

གྲོས་ཚོགས་སྟེང་བསྟན་དོན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། བསམ་བློ་དང་ཀུན་སྤྱོད་གཉིས་ཏང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་གལ་ཆེན་དང་དཔལ་འབྱོར་བྱ་བར་ཇུས་ཆོད་བཀོད་སྒྲིག་གལ་ཆེན་བྱེད་པའི་སྟེང་གཅིག་གྱུར་བྱེད་པ།  ཁྲིམས་འཛུགས་ཀྱི་སྣེ་ཁྲིད་དང་འགན་སྲུང་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་དཀྱིལ་སྙིང་བྱ་བར་གཞིགས་ནས་ལྟ་སྐུལ་བྱ་བའི་གཙོ་གནད་ལ་རྒྱུས་ལོན་ཟབ་མོ་བྱེད་པ། བྱས་རྗེས་དང་ཕན་འབྲས་སྔར་ལས་ཆེན་པོས་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་རོགས་ཤུགས་འདོན་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་ཀྱི་བཅའ་ཁྲིམས་གཅིག་ལ་སྲོལ་ཡིག་གཅིག་གི་ཁྲིམས་བསྟར་ཞིབ་བཤེར་ལེགས་པོ་བྱས་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས།    ཏང་གིས་ན་གཞོན་བྱ་བར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་དང་། ན་གཞོན་བྱ་བའི་འགོ་ཁྲིད་ལ་ཤུགས་བསྣན་ནས་ལོ་གཞོན་ལས་བྱེད་པའི་འཚར་ལོངས་ལ་སེམས་ཁུར་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དམིགས་འབེན་བླང་བྱ་དམ་འཛིན་ཡང་དག་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལ་སློབ་སྦྱོང་བྱ་རྒྱུ་དེ་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་འདྲེས་པ་དང་དམ་འཛིན་བྱེད་པ། འགན་འཁྲི་གཙོ་བོ་དངོས་འབེབས་བྱེད་པ་དང་སློབ་སྦྱོང་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་སྟེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་སྔར་ལས་གཏིང་ཟབ་དུ་སྤེལ་བ་དང་ལག་བསྟར་བྱེད་པའི་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་དམངས་ཆེན་ལོ་རྒྱུས་བཤམས་སྟོན་གྲ་སྒྲིག་བྱ་བའི་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུར་ཉན།

ལྷ་མོ་འཚོས་བསྒྱུར།