ཟླ5པའི་ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་སི་ལོ་ཧྥ་ཁིའི་ཙུང་ལི་ཧྥེ་ཙའོ་ལ་མེ་མདའ་ཕོག་ཏེ་རྨས་སྐྱོན་ཐེབས་པར་འཚམས་འདྲིའི་གློག་འཕྲིན་བཏང་།
ལིས་ཆང་གིས་བསྟན་དོན། སྐུ་ཞབས་ཙུང་ལི་ལ་མེ་མདའ་ཕོག་ཏེ་རྨས་སྐྱོན་ཐེབས་པ་ཤེས་རྗེས། ང་རང་ཧང་སངས་པར་གྱུར་སོང་། ཁྱེད་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན་ལ། སྔ་མོ་ནས་དྲག་སྐྱེད་ཡོང་བའི་སྨོན་འདུ་ཞུ།