ལིས་ཧུང་ཀྲུང་གིས་འབྲུ་རིགས་བདེ་འཇགས་འགན་ལེན་བཅའ་ཁྲིམས་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད།
2024.05.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ5པའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་པེ་ཅིང་དུ་འབྲུ་རིགས་བདེ་འཇགས་འགན་ལེན་བཅའ་ཁྲིམས་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་གཏམ་བཤད། 2023ལོའི་ཟླ12པའི་ཚེས29ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱར་མཚན་བཀོད་དེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བཅའ་ཁྲིམས》དངོས་སུ་ཁྱབ་སྒྲོག་བྱས་པ་དང་། འགན་ལེན་བཅའ་ཁྲིམས་དེ་ད་ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་རེད། ལིས་ཧུང་ཀྲུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་ལག་བསྟར་ཟབ་མོ་བྱེད་རྒྱུ་དང་། འབྲུ་རིགས་བདེ་འཇགས་འགན་ལེན་བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཆུ་ཚད་མཐོ་བའི་ཁྲིམས་སྐྱོང་ལ་བརྟེན་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན།

ལིས་ཧུང་ཀྲུང་གིས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་རྒྱུ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་ངེས་ཤུགས་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་དང་ནུས་པ་མངོན་སུམ་སྒོས་ཆེ་རུ་གཏོང་བ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་མོར་བརྟེན་ནས། འབྲུ་རིགས་བདེ་འཇགས་འགན་ལེན་བཅའ་ཁྲིམས་ལག་བསྟར་ཡག་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་བགྲོད་ལམ་སྟེང་འབད་པས་བསྐྱོད་དགོས། འབྲུ་རིགས་བདེ་འཇགས་འགན་སྲུང་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་དམིགས་ཡུལ་དང་རྩ་དོན་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ཏང་གིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལས་དོན་ལ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། “ས་ཞིང་ལ་བརྟེན་ནས་འབྲུ་རིགས་གསོག་འཇོག་བྱེད་པ”དང“ལག་རྩལ་ལ་བརྟེན་ནས་འབྲུ་རིགས་གསོག་འཇོག་བྱེད་པའི” འཐབ་ཇུས་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། བཅའ་ཁྲིམས་ལག་བསྟར་བྱེད་པའི་ལས་ཀ་ཏན་ཏིག་དང་གོ་རིམ་ལྡན་པའི་སྒོ་ནས་ཡག་པོ་བསྒྲུབས་ཏེ། བཅའ་ཁྲིམས་ལག་བསྟར་བྱེད་པའི་སྤྱི་ཡོངས་རང་བཞིན་དང་མ་ལག་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་ཤུགས་སྣོན་པ་དང་། མ་ལག་འཐུས་ཚང་ཡིན་པའི་འབྲུ་རིགས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་ལམ་ལུགས་མ་ལག་མགྱོགས་མྱུར་ངང་འཛུགས་པ། ལྟ་སྐུལ་དོ་དམ་དང་ཁྲིམས་བསྟར་ཁྲིམས་འཛིན་ལ་ཤུགས་སྣོན་པ་བཅས་བྱས་ནས། འབྲུ་རིགས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་ཡག་པོ་བྱས་ཏེ། བཅའ་ཁྲིམས་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་ཐུབ་པར་འགན་ལེན་ནན་མོ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཝུའུ་ཝེ་ཧྭ་ཚོགས་འདུར་ཞུགས་པ་དང་། ཞུའེ་ཁི་ལའེ་ཐིས·ཀྲ་ཁི་ཨར་གྱིས་ཚོགས་འདུར་འགོ་འཛིན་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།