ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་བསྡུས།
2024.05.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 26

ཟླ5པའི་ཚེས17ཉིན།  ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་ཉེར་ལྔ་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས། ཉི་མ་སྒྲོལ་མ་དང་། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོས་ཀང་། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་འབྲེལ་ཡོད་མི་དོན་དང་བྱ་བ་སྣ་ཚོགས་ཀྱི་གསལ་བཤད་ལ་ཉན། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་སྲོལ་ཡིག་འཆར་ཟིན་གྱི་གྲོས་ཞིབ་མ་ཡིག་ཐེངས་གཉིས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་བཟོ་སྐྲུན་དོ་དམ་སྲོལ་ཡིག་འཆར་ཟིན་བཟོ་བཅོས་གནས་ཚུལ་གྱི་སྙན་ཞུར་ཉན།   མཚོ་སྔོན་ཞིང་ཆེན་གྱིས་ཚྭ་མཚོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་འཆར་ཟིན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བཅོས་མ་ཡིག་འཆར་ཟིན་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་གྲོས་གཞིའི་གནས་ཚུལ་གྲོས་ཞིབ་བྱེད་པའི་སྙན་ཞུར་ཉན།

ཟི་ལིང་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་གྲོང་ཁྱེར་གྱི་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག་བཟོ་བཅོས་རྒྱག་པ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག་བཟོ་བཅོས་བྱེད་པ། རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་བཞི་པས་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག་བཀོལ་མཚམས་འཇོག་པ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ཀྱི་གསོ་རིག་སྨན་རྫས་དོ་དམ་སྲོལ་ཡིག་བཀོལ་མཚམས་འཇོག་པའི་ཆོད་དོན་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག དེ་མིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་ལས་དོན་སྲོལ་ཡིག་བཟོ་བཅོས་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲོལ་རྒྱུན་སྡེ་བའི་སྲུང་སྐྱོབ་སྲོལ་ཡིག་གི་གནས་ཚུལ་བཅས་ལ་ཞིབ་བཤེར་བྱེད་པའི་སྙན་ཞུར་ཉན།   ཞིང་ཆེན་མི་དམངས་སྲིད་གཞུང་གི2023ལོའི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་ལེགས་འགྲུབ་བྱུང་བའི་གནས་ཚུལ་གྱི་སྙན་ཞུ་དང་། ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གསོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་མཐོར་འདེགས་གཏོང་བའི་གནས་ཚུལ་གྱི་ཆེད་དོན་བྱ་བའི་སྙན་ཞུའི་གནས་ཚུལ་ལ་གྲོས་ཞིབ་བྱེད་པའི་སྙན་ཞུར་ཉན།  མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱས་པའི་སྙན་ཞུ་དང་མི་དོན་བསྐོ་འཐེན་གྲོས་གཞིའི་སྙན་ཞུར་ཉན། ཀྲུའུ་རིན་གྲོས་ཚོགས་ཀྱིས་གོང་གསལ་གྲོས་དོན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་འཐད་པ་བྱུང་།

གྲོས་ཚོགས་སྟེང་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པའི་ཚོགས་འདུའི་ཉིན་རིམ་འཆར་ཟིན་གྱི་སྙན་ཞུར་ཉན། ཀྲུའུ་རིན་གྲོས་ཚོགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་གྲོས་འཆམ་བྱ་རྒྱུར་སྤྲོད་རྒྱུར་འཐད་པ་བྱུང་།

གྲོས་ཚོགས་སྟེང་ཞིང་ཆེན་མི་དམངས་སྲིད་གཞུང་གིས2024ལོའི་ས་གནས་སྲིད་གཞུང་གི་བུན་ཡིག་འགྲེམས་སྤེལ་གཏོང་བར་མ་ཟད་དེར་བསྟུན་གྱིས་ཡོང་འབབ་དང་འགྲོ་སོང་སྔོན་རྩིས་ལེགས་སྒྲིག་བྱེད་པའི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ་ཕྱིར་འགྱངས་བྱས་པའི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུར་ཉན། ཀྲུའུ་རིན་གྲོས་ཚོགས་ཀྱིས་གོང་གི་སྙན་ཞུའི་འབྲེལ་ཡོད་སྙན་ཞུ་འཐུས་སྒོ་ཇེ་ཚང་དུ་གྱུར་རྗེས་རྗེས་མའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་འཐད་པ་བྱུང་།

ལྷ་མོ་འཚོས་བསྒྱུར།