ཞི་ཅིན་ཕིང་གིས་ཞི་ལིས་ཡ་ནའོ་ཧྥུའུ་སི་ཁ-ཏ་ཧྥུའུ་ཁི་ཝ་ཡིས་མཱ་ཆི་ཏུན་བྱང་མའི་ཙུང་ཐུང་གི་འགན་འཁུར་བར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
2024.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀིར་ཏ་ན·ཞི་ལིས་ཡ་ནའོ་ཧྥུའུ་སི་ཁ-ཏ་ཧྥུའུ་ཁི་ཝ་ལ་གློག་འཕྲིན་བཏང་ནས། ཁོ་མོས་མཱ་ཆི་ཏུན་སྤྱི་མཐུན་རྒྱལ་ཁབ་བྱང་མའི་ཙུང་ཐུང་གི་འགན་འཁུར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་མཱ་ཆི་ཏུན་བྱང་མའི་བར་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ལྡན། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་གཉིས་ཀའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། དེ་བསྟུན་གྱི་གྲུབ་འབྲས་ཆེན་པོ་ཐོབ་ནས་མང་ཚོགས་ལ་ཕན་པ་ངེས་ཅན་ཐོབ་ཡོད། ངས་ཀྲུང་གོ་དང་མ་ཆི་ཏུན་བྱང་མའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཙུང་ཐུང་མཁྱེན་ལྡན་མ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་བརྗེ་རེས་མཉམ་ལས་རྒྱ་སྐྱེད་བཏང་ནས། ཀྲུང་གོ་དང་མ་ཆི་ཏུན་བྱང་བའི་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།