རྒྱལ་ཡོངས་ཀྱི་དམངས་ཡོངས་ལུས་སྦྱོང་འགྲན་སྡུར་ཆེན་མོ་སྐབས་དང་པོ་ལེའོ་ཉིན་ཞིང་ཆེན་ཧྲིན་དབྱང་གྲོང་ཁྱེར་དུ་སྤེལ་འགོ་བརྩམས།
2024.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ5པའི་ཚེས20ཉིན། རྒྱལ་ཡོངས་ཀྱི་དམངས་ཡོངས་ལུས་སྦྱོང་འགྲན་སྡུར་ཆེན་མོ་སྐབས་དང་པོ་ལེའོ་ཉིན་ཞིང་ཆེན་ཧྲིན་དབྱང་གྲོང་ཁྱེར་དུ་སྤེལ་འགོ་བརྩམས་པ་དང་། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་འགོ་རྩོམ་མཛད་སྒོར་ཞུགས་ནས་ལུས་སྦྱོང་འགྲན་སྡུར་ཆེན་མོ་དངོས་སུ་འགོ་བརྩམས་པ་ཁྱབ་སྒྲོག་བྱས།

ལུས་སྦྱོང་འགྲན་སྡུར་ཆེན་མོ་ཧྲིན་དབྱང་གྲོང་ཁྱེར་ཧྲིན་ཧི་ཆུས་རིག་གནས་ལུས་རྩལ་ལྟེ་གནས་སུ་འཚོགས་པ་དང་། ཡུལ་དངོས་སུ་དམངས་ཡོངས་ཀྱི་ལུས་སྦྱོང་ཚ་རླབས་ཕྱོགས་ཀུན་ཏུ་རྒྱས་ཡོད། ཧྲིན་དབྱི་ཆིན་གྱིས་དམངས་ཡོངས་ཀྱི་ལུས་སྦྱོང་གནས་ཚུལ་སྙན་ཞུར་ཉན་ནས་འགོ་རྩོམ་མཛད་སྒོའི་ལུས་སྦྱོང་འགྲེམས་སྟོན་ལ་བལྟས། ཁོ་མོས་རྒྱལ་ཡོངས་ཀྱི་དམངས་ཡོངས་ལུས་སྦྱོང་འགྲན་བསྡུར་ཆེན་མོ་སྤེལ་བ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ནས། མང་ཚོགས་ཀྱི་ལུས་རྩལ་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། མང་ཚོགས་ལ“གོམ་པ་རིམ་བགྲོད་ཀྱི”རྒྱལ་ཡོངས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོའི་སྟེགས་བུ་མཁོ་འདོན་བྱས་ནས། འགྲན་བསྡུར་གྱི་ཁྱད་ཆོས་གཟེངས་སུ་ཐོན་པར་བྱེད་པ་དང་། འགྲན་བསྡུར་ལས་དོན“མཛེས་ལྗོངས་ཁུལ་དང་ཁྲོམ་ཁུལ། ཚོང་ཁུལ་བཅས་སུ་ཁ་ཕྱོགས་ཐུབ་པར”སྐུལ་མ་གཏོང་བ། ཆུ་ཚད་སྔར་ལས་མཐོ་བའི་དམངས་ཡོངས་ཀྱི་ལུས་སྦྱོང་དང་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་མང་ཚོགས་ལ་དགེ་མཚན་ལྡན་ཞིང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་གྲུབ་པར་ཁྲིད་སྟོན་བྱེད་དགོས་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།