ཟླ5པའི་ཚེས19ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བའི་འབྲེལ་གཏུག་ས་ཚིགས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་དུ་བསྐྱོད་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་རྟོག་ཞིབ་དང་མཛུབ་སྟོན་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཏང་ཨུའི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་བྱེད་པ། “ལས་བྱེད་པས་ལས་ལ་འབད་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པ”བཅས་ཀྱི་བླང་བྱ་ལག་བསྟར་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་ཏན་ཏིག་གཏོང་བ། འབུར་ཐོན་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ། སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་གསལ་རྟོགས། སྒྲིག་ཁྲིམས་སྲུང་བ་བཅས་བྱས་ཏེ། རྫོང་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་ལས་དོན་སྣ་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱེད་དགོས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་ལྷོ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལོའུ་ཀང་རྟོག་ཞིབ་ལ་ཞུགས།
ལིའུ་ཆི་ཧྥན་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་དམངས་ཕན་ཞབས་ཞུའི་ལྟེ་གནས་དང་། དམངས་སྲིད་གཞུང་སྒྲུབ་ཁང་། ལས་ཞུགས་ཞབས་ཞུའི་ལྟེ་གནས་བཅས་སུ་བསྐྱོད་དེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་ཤིང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་དམིགས་ཡུལ་གསལ་བོ་བྱས་ཏེ། ས་ཁུལ་དང་མི་སྒེར་གྱི་དོན་དངོས་དང་ཟུང་འབྲེལ་སྒོས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་འགོ་འཛུགས་ས་དང་རྐང་ཚུགས་སར་བརྩིས་ནས་ངོས་འཛིན་མཐོར་འདེགས་དང་། བྱ་བར་སྐུལ་འདེད། སྤྱོད་ཚུལ་ལེགས་བཅོས། སྤྱོད་གཙང་རང་གཅུན་བཅས་ཀྱི་ཐད་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས་པ་ནན་གྱིས་བསྟན། རྫོང་ཏང་ཨུའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བའི་ཆེད་དོན་ཚན་ཁག་ནས། ལིག་ཆི་ཧྥན་གྱིས་ལས་བྱེད་མི་སྣ་དང་སྤེལ་རེས་གཏིང་ཟབ་བྱས་པ་དང་། བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། དོན་དངོས་དང་ཉེ་བཅར་དང་གཞི་རིམ་དང་ཉེ་བཅར། སྔར་ལས་དངོས་དོན་གཉེར་བའི་སྤྱོད་ཚུལ་ཐོག་ནས་རྫོང་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་ཏན་ཏིག་དང་གཏིང་ཟབ་ཏུ་སྤེལ་བ་དང་། སྔོན་དཔག་གི་ཕན་འབྲས་ཐོབ་པར་བྱེད་དགོས་ཞེས་ནན་བཤད་བྱས།
རྟོག་ཞིབ་བྱེད་སྐབས། ལིའུ་ཆི་ཧྥན་གྱིས་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་བྱས་ནས་ཐུང་ཏེ་རྫོང་དང་། ཐང་མགོ་གྲོང་རྡལ་སོགས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་གྱི་ངོ་སྤྲོད་ལ་ཉན་པ་དང་ཆབས་ཅིག དུས་རིམ་སྔོན་མའི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་དང་གོམ་སྟབས་རྗེས་མའི་བྱ་བར་བླང་བྱ་བཏོན། ཁོས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ལ་སློབ་སྦྱོང་བྱེད་པ་གཙོ་གནད་དུ་བཟུང་ནས་ཆབ་སྲིད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོར་ཚུགས་པ། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཆབ་སྲིད་ཐད་ནས་གནད་དོན་ལ་ལྟ་བ་དང་། ཆབ་སྲིད་ཐད་ནས་ཐག་གཅོད་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བཅས་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སྣ་ཚོགས་བརྩི་སྲུང་ནན་མོ་བྱས་ནས་བསམ་བློའི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་བ་དང་། སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བ། གུས་སྐྲག་ཤེས་པ་དང་དོགས་ཟོན་བྱེད་པ། ཚད་མཐའ་སྲུང་བ་བཅས་བྱས་ནས་ཚད་བཀག་ལས་མི་བརྒལ་བ་བྱེད་དགོས། གཅིག་གྱུར་གྱིས་འཆར་འགོད་དང་ཟུང་འབྲེལ་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་ཏེ། དཀྱིལ་སྙིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་ཞིང་ཆེན་དང་ཁུལ་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་དང་། རྫོང་ཡོངས་ཀྱི་བྱ་བ་གཙོ་བོ་དང་ཟུང་འབྲེལ། ཉིན་རྒྱུན་གྱི་བྱ་བའི་ཁྲོད་དུ་འདྲེས་པ་དང་ཉིན་རྒྱུན་དམ་འཛིན། བྱ་བའི་ཕན་འབྲས་དངོས་ལ་བརྟེན་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་མཐའ་མཇུག་གི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས། ཉེན་བརྡ་གཏོང་བའི་སློབ་གསོ་དམ་འཛིན་ལེགས་པོ་བྱས་ཏེ། ཉེ་འགྲམ་གྱི“སློབ་གཞི་གསོན་པོ”ལ་བརྟེན་ནས་“ཉེ་འགྲམ་གྱི་མི་”ལ་ཉེན་བརྡ་གཏོང་བ་དང་། གྱོད་གཞིར་བརྟེན་ནས་དག་ཐེར་ཡོ་བསྲང་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྒྲིག་དང་སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་ལ་ཆེད་དོན་བཅོས་སྒྲིག་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་སྟེ། སྒྲིག་ཁྲིམས་གཟབ་ནན་གྱིས་ཆབ་སྲིད་ཀྱི་སྐྱེ་ཁམས་ལེགས་པོ་སྲུང་སྐྱོང་དང་དེང་རབས་ཅན་གྱི་ཐུན་ཏེ་གསར་པ་འཛུགས་སྐྲུན་བྱེད་པའི་ཁོར་ཡུག་བཟང་པོ་སྲུང་སྐྱོང་བྱེད་དགོས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།