ཟླ5པའི་ཚེས22ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མེན་དང་དབྱང་ཧྥིན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། དྲུང་ཡིག་ཆེན་མོ་ཁྲིན་ཏུང་ཁྲང་། དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི54གྲོས་ཚོགས་སུ་ཞུགས་པ་དང་། བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན། ཁྲིན་ཀང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་བྱས།
གྲོས་ཚོགས་སྟེང་ཐེངས་འདིའི་གྲོགས་ཚོགས་ཀྱི་འབྲེལ་ཡོད་མི་དོན་ལས་དོན་གནས་ཚུལ་ཡར་ཞུ་སྐོར་གྱི་གསལ་བཤད་དང་། བསྐོ་འཇོག་བྱེད་རྩིས་ཡོད་པའི་འདེམས་མིས་བསྐོ་འཇོག་མ་བྱས་གོང་གི་གཏམ་བཤད་པར་ཉན། གྲོགས་ཚོགས་སྟེང་། སྔ་རྗེས་སུ《མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་སྲོལ་ཡིག་འཆར་ཟིན་གྱི་གྲོས་ཞིབ་ཐེངས་གཉིས་པའི་མ་ཡིག》གི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་། 《མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་བཟོ་སྐྲུན་དོ་དམ་སྲོལ་ཡིག་འཆར་ཟིན》གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ། 《མཚོ་སྔོན་ཞིང་ཆེན་གྱིས་ཚྭ་མཚོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་འཆར་ཟིན》སྐོར་གྱི་གསལ་བཤད་དང 《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག་ཚོད་ལྟའི་ལག་བསྟར》ཏེ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བཅོས་འཆར་ཟིན་གཉིས་ཀྱི་འཆར་ཟིན་སྐོར་གྱི་གསལ་བཤད། 《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག》སྐོར་གྱི་གསལ་བཤད། 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག》སྐོར་གྱི་གསལ་བཤད།《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག(བཟོ་བཅོས)》སྐོར་གྱི་གསལ་བཤད།《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག》སྐོར་གྱི་གསལ་བཤད།《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག》སྐོར་གྱི་གསལ་བཤད། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲོལ་རྒྱུན་སྡེ་བ་སྲུང་སྐྱོབ་སྲོལ་ཡིག》སྐོར་གྱི་གསལ་བཤད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དབྱང་ཧྥིན་ཁྲུན་གྱིས་ཕུལ་བའི 《མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ》བཅས་ལ་ཉན་པ་དང་། 《ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གསོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཇེ་ཆེར་གཏོང་བའི་གནས་ཚུལ་སྐོར་གྱི་སྙན་ཞུ》དང་། 《ཞིང་ཆེན་མི་དམངས་སྲིད་གཞུང་གི2023ལོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་ཡོངས་འགྲུབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ》 ལ་ཉན།
གྲོས་ཚོགས་སྟེང་། 《མཚོ་སྔོན་ཞིང་ཆེན་གྱིས་ཚྭ་མཚོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གྲོས་ཞིབ་བསམ་འཆར་དང 《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ཏེ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བཅོས་འཆར་ཟིན་གཉིས་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་ཡར་ཞུ། 《 ཟི་ལིང་གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི〈ཟི་ལིང་གྲོང་ཁྱེར་གྱི་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག〉བཟོ་བཅོས་བྱེད་པའི་སྐོར་གྱི་གཏན་འབེབས》། ཟི་ལིང་གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《 〈ཟི་ལིང་གྲོང་ཁྱེར་གྱི་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག〉བཟོ་བཅོས་བྱེད་པའི་སྐོར་གྱི་གཏན་འབེབས》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི〈མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག〉བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན།》དང་། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི〈མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག〉བཟོ་བཅོས་བྱེད་པའི་སྐོར་གྱི་གཏན་འབེབས》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དམངས་འཐུས་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་བཞི་པའི〈རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག〉མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན》དང་།《རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དམངས་འཐུས་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་བཞི་པའི 〈རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག〉མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པའི〈ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་དོ་དམ་སྲོལ་ཡིག〉མེད་པར་བཟོ་བའི་སྐོར་གྱི་ཆོད་དོན》དང་། 《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པའི〈ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་དོ་དམ་སྲོལ་ཡིག〉མེད་པར་བཟོ་བའི་སྐོར་གྱི་ཆོད་དོན》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ།《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ།《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག་བཟོ་བཅོས་འཆར་ཟིན》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ།《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག》གི་ཞིབ་བཤེར་སྙན་ཞུ། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲོལ་རྒྱུན་སྡེ་བ་སྲུང་སྐྱོབ་སྲོལ་ཡིག》གི་ཞིབ་བཤེར་སྙན་ཞུ་བཅས་པར་འགྲེམས་བྱས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་དང་། ཞིང་ཆེན་ ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་པ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགན་འཁུར་པ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲ་ཆིན་ཅིའུ་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།