རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།
2024.05.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཚེས24ཉིན།    རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་བཅུ་དགུ་པ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་དུ་འགྲེང་ནས། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བར་ཇུས་འགོད་དང་བཀོད་སྒྲིག་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཆགས་པར་བྱས་པ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་རྒྱུར་མཛུབ་ཁྲིད་དང་སྐུལ་འདེད་བཏང་ཡོད།     “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་།    ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་པའི”སྲིད་དོན་གྲོས་མོལ་ལ་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་གི་བཀོད་སྒྲིག་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས།    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་དང་།    སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྣེ་ཁྲིད་དུ་འཛིན་པ།    རིགས་སོ་སོའི་མི་དམངས་ཀྱི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་ཐབས་ལམ་གལ་ཆེན་དུ་འཛིན་པ་སོགས་ཀྱི་ལས་འགན་བླང་བྱ་དམ་འཛིན་བྱས་ཏེ། ཞིབ་འཇུག་དཔྱད་སྒྲུབ་དང་གྲོས་འདོན་ཐབས་ཇུས་ཀྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས།

ཟླ5པའི་ཚེས24ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་བཅུ་དགུ་པ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན།    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཝང་ཧུའུ་ཉིང་གིས་བསྟན་དོན། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྨང་གཞིའི་རང་བཞིན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པར་ཤུགས་བསྣན་ནས། ཀྲུང་གོའི་རང་བདག་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་དཔྱད་གཞིའི་མ་ལག་དང་སྐད་ཆའི་མ་ལག གཞུང་ལུགས་མ་ལག་བཅས་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།     ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་དང་དམ་དུ་འབྲེལ་བའི་བརྟག་ཞིབ་དང་གྲོས་མོལ་ཐད་ཤུགས་བསྣན་ཏེ། བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་བསམ་འཆར་དང་ཐབས་ཇུས་མང་ཙམ་འདོན་དགོས།     ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་ཕན་པའི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུར་ཤུགས་བསྣན་ཏེ། “ཨུ་ཡོན་གྱིས་འགྲོ་འོང་བརྗེ་རེས་མཉམ་འདྲེས་གསུམ་ལ་སྐུལ་འདེད་གཏོང་བ”དང་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་པའི“དམངས་ལ་ཞབས་འདེགས་ཞུ་བའི”བྱ་འགུལ་ལ་ཧུར་ཐག་གིས་ཞུགས་ཏེ།    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཏམ་རྒྱུད་ཡག་པོར་བཤད་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲང་དབྱི་ཅོང་དང་སུན་ཞུའེ་ཡུས།    ཝང་ཞོན།    དབྱི་ལི་ཀྲ་ཐིས·ཨའེ་ཧ་མའེ་ཐིས་ཅང་།    ཀྲིན་ཆན།    ཀི་ཆོན་ཧྲིན།    ཝང་མའོ་ཧུའུ། ཆེད་མཁས་པ་ཆིན་ཅུའེ་དང་།    ཀྲིན་ཏ་ཧྥ།  བྱམས་པ་བཅས་ཀྱིས་གཏམ་བཤད།     ཚང་མས་དཔལ་ཡོན་དང་རིག་གནས།    ཡི་གེ་བཅས་ནས་མགོ་བརྩམས་ཏེ་རྒྱུན་འཁྱོངས་ལྷོད་མེད་དང་ནུས་ཤུགས་ཆེན་པོ་བཏོན་ནས་མཐོང་ཡོད་ཚོར་ཡོད་ནུས་ཡོད་སྒོས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས་ལ།    ཀྲུང་ཧྭའི་རིག་གནས་དང་རིགས་སོ་སོའི་རིག་གནས་བར་གྱི་འབྲེལ་བ་དམ་འཛིན་བྱེད་པ་དང་།    ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་རིག་གནས་ཀྱི་མོས་མཐུན་ལ་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས་ཤིང་།     རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་མི་རིགས་ས་ཁུལ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པར་འདོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་།    ཧྲིན་ཡུའོ་ཡུའོ།   ཀྲིའུ་ཆང་།    པ་ཐིར།    ཁྲིན་ཝུའུ།    ཞན་ཧུའེ།    ཝང་ཏུང་ཧྥིན།    ཀྲུའུ་ཡུང་ཞིན།    དབྱང་ཀྲིན་བཅས་ཚོགས་འདུར་ཞུགས།     ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་།    རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་།    རིག་གནས་དང་ཡུལ་སྐོར་པུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད་སྲིད་གྲོས་ཨུ་ཡོན་དང་གྲོས་མོལ་བརྗེ་རེས་བྱས།

ཤ་བོ་རིན་མཚོས་བསྒྱུར།