ཟླ5པའི་ཚེས24ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་དང་ཞིང་ཆེན་འཕྲིན་བཅར་ཅུའུ་རུ་རྟོག་ཞིབ་བྱས་པར་མ་ཟད་ཞུ་གཏུག་ལ་ཡོང་བའི་མང་ཚོགས་ལ་སྣེ་ལེན་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་། མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ད་ལྟ་སྤེལ་བཞིན་པའི་ཏང་གི་སྒྲིག་སྲོལ་སློབ་སྦྱོང་སློབ་གསོར་ཟུང་འབྲེལ་བྱེད་པ། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་བྱེད་དགོས་པའི་བྱ་བའི་རེ་བ་དོན་འཁྱོལ་ནན་མོ་བྱེད་པ། ཁག་ཁུར་བྱེད་ཕོད་པ་དང་རང་འགུལ་གྱིས་འབད་འཐབ་བྱེད་པ། མང་ཚོགས་ཀྱི་བྱ་བའི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།
ཁྲིན་ཀང་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་རུ་སོང་ནས། ཁྲུའུ་དང་གཞུང་སྒྲུབ་ཁང་སོ་སོའི་ལས་བྱེད་པ་དང་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་པ་དང་། བྱ་བའི་སྙན་ཞུ་ལ་ཉན་ཞིང་། སྡེ་ཁག་བཙུགས་པའི་ཚུན་དུ་བླངས་པའི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། སྤྱི་ཚོགས་བྱ་བའི་པུའུ་འཛུགས་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་དཔག་བབ་བསྟུན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་རིམ་དུ། ཏང་གི་སྤྱི་ཚོགས་བྱ་བའི་འགོ་ཁྲིད་མ་ལག་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་པས་དོན་སྙིང་ཧ་ཅང་གལ་ཆེན་ལྡན། ཇི་མ་ཇི་བཞིན་དུ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་བྱེད་པ། ཚན་ཁག་དམ་འཛིན་བྱས་ནས་དཔུང་སྡེ་ལ་སྣེ་ཁྲིད་པ། འགན་ནུས་ལེགས་སྒྱུར་དང་འབྲེལ་བར་དབྱེ་ཞིབ་བྱེད་པ། འགན་འཁྲི་ལག་བསྟར་བྱེད་པ། རང་འགུལ་གྱིས་བྱ་བར་ཞིབ་འཇུག་དང་གནད་དོན་ལ་དབྱེ་ཞིབ་བྱས་ཏེ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བྱ་བ་སྒྲུབ་དགོས། ཏང་གི་འགོ་ཁྲིད་དེ་གཞི་རིམ་བཅོས་སྐྱོང་གི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱེད་པ་དང་། གཞི་རིམ་ཏང་འཛུགས་ཀྱི་གཅིག་ཅན་དྲུག་གི་བྱ་བའི་རེ་བ་ལག་བསྟར་བྱས་ཏེ། མང་ཚོགས་གང་སར་ཡོད་ན་ཏང་གི་བྱ་བ་དེ་རུ་སྒྲུབ་ཐུབ་པར་བྱེད་དགོས། སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར་གྱི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་དང་དཔེ་ལྟ་བྱེད་པ་དང་། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ་དང་བདེན་སྲུང་གསར་གཏོད་བྱེད་པ། གཞི་རིམ་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་དེ་བྱ་བའི་ལག་ལེན་ཁྲོད་མངོན་པར་བྱས་ནས། བྱ་བའི་འགོ་བཟང་བོ་ཞིག་རྩོམ་དགོས།
ཞིང་ཆེན་འཕྲིན་བཅར་ཅུའུ་རུ། ཁྲིན་ཀང་འཕྲིན་བཅར་ལྟ་ཞིབ་ཁང་དུ་སོང་ནས། འཕྲིན་བཅར་ཐད་ཀྱི་འབུར་ཐོན་གནད་དོན་དང་འགལ་རྩོལ་ཉེན་ཁའི་མཁྲེགས་གཏོར་ཐག་གཅོད་གྲུབ་འབྲས་ལ་རྒྱུས་ལོན་བྱས་པ་དང་། འཕྲིན་བཅར་བྱ་བའི་སྙན་ཞུ་ལ་ཉན་ནས། ཚང་མའི་བྱ་བར་ཁས་ལེན་གང་ལེགས་བྱས། དེའི་རྗེས་སུ། ཁྲིན་ཀང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མི་དམངས་ཞུ་གཏུག་སྣེ་ལེན་ཁང་དུ་སོང་ནས། ཞུ་གཏུག་བྱེད་པར་ཡོང་བའི་མང་ཚོགས་སྐོར་གཉིས་ལ་སྣེ་ལེན་བྱས་པར་མ་ཟད། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་མཉམ་དུ་ཡུལ་དངོས་ནས་ཞིབ་འཇུག་ཐག་གཅོད་བྱས་པ་དང་། རེ་རེ་བཞིན་ཕྱིར་ལན་བཏབ། ཁྲིན་ཀང་གིས་ནན་གྱིས་བསྟན་དོན། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་དགོངས་པ་རྒྱུན་འཁྱོངས་བྱེད་པ་དང་། རང་གཞན་མཉམ་བསམ་དང་རང་གཞན་བརྗེ་སྤོར། བྱམས་བརྩེས་ཡིད་འགུག་དང་གནས་ལུགས་གསལ་བཤད་བྱེད་པ། བརྩེ་སེམས་དང་གནས་ལུགས། བཅའ་ཁྲིམས་གསུམ་ཕན་ཚུན་གཅིག་གྱུར་བྱས་ཏེ། འཕྲིན་བཅར་ཐད་ཀྱི་ཁྲིམས་ཐག་གཅོད་རྒྱུར་སྒུག་པའི་གྱོད་དོན་དང་ཐེངས་མང་འཕྲིན་བཅར། རིམ་བརྒལ་འཕྲིན་བཅར་བཅས་ཐག་གཅོད་བྱེད་དགོས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་བྱ་བའི་རེ་བ་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ། འགག་སྒོ་སྔོན་སྣུར་དང་གཅིག་ཤེས་ཀུན་གྲོལ་བྱེད་པ་དང་། ཡུན་རིང་བོར་བྱས་རྗེས་བརྩོན་ལེན་བྱེད་པ། འགོ་ཁུངས་ནས་འགལ་རྩོད་སྔོན་འགོག་དང་ཐག་གཅོད་བྱས་ནས། མང་ཚོགས་ཀྱི་དཀའ་ཁག་སེལ་ནས་མང་ཚོགས་སེམས་བདེ་བར་བྱེད་དགོས། བྱ་བའི་འགན་འཁྲི་སྔར་ལས་གཏན་ཁེལ་གསལ་བོ་བྱེད་པ་དང་། འཕྲིན་བཅར་མཉམ་འབྲེལ་གྲོས་ཚོགས་ཀྱི་རྐྱེན་སྲོལ་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ། འཕྲིན་བཅར་བྱ་བའི་ཁྲོད་བྱུང་བའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཞིབ་འཇུག་བྱེད་པ། ཁྲིམས་ལྟར་འགན་སྒྲུབ་བྱེད་པ་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་པའི་སྣང་ཚུལ་བཟང་བོ་གྲུབ་པར་བྱས་ནས། མཉམ་འཛིན་མཉམ་སྡོམ་གྱི་འཕྲིན་བཅར་བྱ་བའི་རྣམ་པ་གྲུབ་པར་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།