ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་གྲོལ།
2024.05.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ5པའི་ཚེས24ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་གྲོལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མེན་དང་དབྱང་ཧྥིན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། དྲུང་ཡིག་ཆེན་མོ་ཁྲིན་ཏུང་ཁྲང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་མི་ང་གཉིས་གྲོས་ཚོགས་ལ་ཞུགས་པ་དང་། ཁྲིམས་བཀོད་མི་གྲངས་དང་མཐུན། ཝང་ལིས་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་གྱི་སྲོལ་ཡིག་དང་མཚོ་སྔོན་ཞིང་ཆེན་ཆུ་བེད་བཟོ་སྐྲུན་དོ་དམ་གྱི་སྲོལ་ཡིག ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཉིས་ལ་བཟོ་བཅོས་རྒྱག་པའི་ཆོད་དོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཟི་ལིང་གྲོང་ཁྱེར་གྱི་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག་ལ་བཟོ་བཅོས་རྒྱག་པའི་སྐོར་གྱི་ཆོད་དོན་ལ་ཆོག་མཆན་འགོད་པའི་སྐོར་གྱི་ཆོད་དོན།    ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག་ལ་བཟོ་བཅོས་རྒྱག་པའི་སྐོར་གྱི་ཆོད་དོན་ལ་ཆོག་མཆན་འགོད་པའི་སྐོར་གྱི་ཆོད་དོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག་མེད་པར་གཏོང་བའི་སྐོར་གྱི་ཆོད་དོན་ལ་ཆོག་མཆན་འགོད་པའི་སྐོར་གྱི་ཆོད་དོན།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བོད་ལུགས་གསོ་རིག་དང་སྨན་རྫས་དོ་དམ་སྲོལ་ཡིག་མེད་པར་གཏོང་བའི་སྐོར་གྱི་ཆོད་དོན་ལ་ཆོག་མཆན་འགོད་པའི་སྐོར་གྱི་ཆོད་དོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛུགས་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་ཆོད་དོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛུགས་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་སྐོར་གྱི་ཆོད་དོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛུགས་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་སྐོར་གྱི་ཆོད་དོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛུགས་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་སྐོར་གྱི་ཆོད་དོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་དོན་སྐོར་གྱི་བཅོས་སྒྲིག་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་སྐོར་གྱི་ཆོད་དོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲོལ་རྒྱུན་སྡེ་བའི་སྲུང་སྐྱོབ་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་སྐོར་གྱི་ཆོད་དོན་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་ཐོབ་ཐང་ལ་ཞིབ་བཤེར་བྱེད་པའི་སྐོར་གྱི་ཞིབ་བཤེར་སྙན་ཞུར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་འབྲེལ་ཡོད་མི་དོན་བྱ་བར་གྲོས་འཆམ་བྱུང་། ལིའུ་མེ་ཕེན་གྱིས་མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་ཚབ་མའི་འགན་འཁུར་རྒྱུ་གཏན་ཁེལ་བྱས།

ཚོགས་ཐོག་ནས་གསར་དུ་ལས་འགན་ཁུར་བའི་འབྲེལ་ཡོད་བློ་མཐུན་ལ་ལས་འགན་ཁུར་བའི་དཔང་རྟགས་སྤྲད།

གྲོས་ཚོགས་ནས་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།

ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་དང་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་འགན་འཁུར་མི་སྣ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགན་འཁུར་མི་སྣ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིག་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

དེའི་རྗེས་སུ་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཆེད་དོན་འཆད་ཁྲིད་ཐེངས་ལྔ་བ་སྤེལ།

མི་ཕམ་མགོན་པོས་བསྒྱུར།