ཧན་ཀྲིན་གྱིས་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཡི་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་སུང་ཅིན་ཏ་དང་མཇལ་འཕྲད་གནང་།
2024.05.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ5ཚེས24ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཡི་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་སུང་ཅིན་ཏ་དང་མཇལ་འཕྲད་གནང་།

ཟླ5ཚེས24ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཡི་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་སུང་ཅིན་ཏ་དང་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ཀྲུང་གོ་དང་ཁམ་ཕུ་ཁྲེ་ནི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ།   རོགས་ཟླ་བཟང་པོ་བཅས་ཡིན། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་པོ་ཞིས་ཧ་མོ་ཉི་དང་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་དང་མཇལ་འཕྲད་ཐེངས་གཉིས་གནང་ནས། ཆིན་ཝང་ཧུང་སེན་དང་འཐབ་ཇུས་ཀྱི་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས་སྤུས་ཚད་མཐོ་ཞིང་ཆུ་ཚད་མཐོ་བ། ཚད་གཞི་མཐོ་བ་བཅས་ཀྱི་དུས་རབས་གསར་པའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཐད་ཐུན་མོང་གི་ངོས་ཟིན་གལ་ཆེན་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུར་འབད་པ་བྱེད་བཞིན་ཡོད། ཀྲུང་གོ་དང་ཁམ་ཕུ་ཁྲེའི“རྡོ་རྗེ་ཕ་ལམ་གྱི་ཕྱོགས་དྲུག་”གི་མཉམ་ལས་སྒྲོམ་གཞི་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་།“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཁམ་ཕུ་ཁྲེའི་“ཟུར་ལྔའི་འཐབ་ཇུས”འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ།“བཟོ་ལས་འཕེལ་རྒྱས་བར་ཁྱམས”དང“ཉ་འབྲས་བར་ཁྱམས་”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ད་ལོའི་“ཀྲུང་གོ་དང་ཁམ་ཕུ་ཁྲེའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལོའི”བྱ་འགུལ་རབ་དང་རིམ་པ་ལེགས་པོར་གཉེར་ནས།  ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པ་གཏིང་ཟབ་དུ་འཛུགས་པར་སྐུལ་འདེད་བྱེད་འདོད་ཡོད་ཅེས་གསུངས།

སུང་ཅིན་ཏ་ཡིས་ཁམ་ཕུ་ཁྲེའི་སྲིད་གཞུང་གསར་པས་ནུས་ཤུགས་ཡོད་རྒུས་ཁམ་ཕུ་ཁྲེའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་དང་། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བརྟན་པོ་བྱས་ནས། ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

                                            གཡང་འབུམ་རྒྱལ་གྱིས་བསྒྱུར།