《ཞི་ཀྲུང་ཞུན་གྱི1913ལོ་ནས2002ལོའི་བར་གྱི་ལོ་ཚིགས》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།
2024.05.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་དང་། ཀྲུང་གུང་ཧྲའན་ཞི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རྩོམ་སྒྲིག་བྱས་པའི། 《ཞི་ཀྲུང་ཞུན་གྱི1913ལོ་ནས2002ལོའི་བར་གྱི་ལོ་ཚིགས》ཞེས་པའི་དེབ་དེ། ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་དང་། པར་སྐྲུན་བྱས་ཉིན་བཟུང་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

《ཞི་ཀྲུང་ཞུན་གྱི1913ལོ་ནས2002ལོའི་བར་གྱི་ལོ་ཚིགས》ཞེས་པར་ཁྱོན་བསྡོམས་དེབ་བཞི་དང་ཡིག་འབྲུ་ས་ཡ་གཅིག་དང་འབུམ་གཅིག་ལྷག་ཡོད། ལོ་རིམ་སྒྲིག་སྟངས་ཅན་གྱི་བརྩམས་ཆོས་འདིའི་ནང་དུ། བློ་མཐུན་ཞི་ཀྲུང་ཞུན་གྱི་མི་ཚེའི་བྱས་རྗེས་དང་བསམ་བློ་ཕྱོགས་ཡོངས་ནས་བཀོད་ཡོད་ལ། ཁོང་གི་བླ་ན་མེད་པའི་གཤིས་སྤྱོད་དང་ཉམས་འགྱུར་གང་ལེགས་སྒོས་མཚོན་ཡོད། དཔེ་དེབ་འདི་དཔེ་སྐྲུན་བྱས་པ་དེས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་རོགས་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པར་དོན་སྙིང་གལ་ཆེན་ལྡན།

བན་དེ་སྐྱབས་ཀྱིས་བསྒྱུར།