ལིས་ཆང་ཧྲིའུ་ཨར་དུ་འབྱོར་ནས་ཀྲུང་གོ་དང་འཇར་པན། ཧན་གོའི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས།
2024.05.26 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཟླ5པའི་ཚེས26ཉིན་གྱི་སྔ་དྲོར་ཆེད་བཏང་གནམ་གྲུར་བཞུགས་ཏེ་པེ་ཅིང་ནས་ཧན་གོར་བསྐྱོད་དེ་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་དགུ་པར་ཞུགས། རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝུའུ་ཀྲིན་ལུང་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ཏུ་བསྡད་དེ་པེ་ཅིང་དང་ཁ་བྲལ། 

ས་དེའི་དུས་ཚོད་ཚེས26ཉིན་གྱི་ཉིན་དགོང་མོར། ལིས་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཧྲིའུ་ཨར་གྲོང་ཁྱེར་ལྷོ་རྒྱུད་གནམ་གྲུ་ཐང་དུ་འབྱོར་ཞིང་། ཧན་གོའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་དང་ཧན་གོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཞིན་ཧའེ་མེན་སོགས་གནམ་གྲུ་ཐང་དུ་ཕེབས་ནས་བསུ་མ་བྱས

ཤ་བོ་གསེར་མཚོས་བསྒྱུར།