ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》ཞེས་པའི་དཔེ་དེབ་དེ་ཉེ་ལམ་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ། རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།
སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་སྒྲིག་ཁྲིམས་འཛུགས་སྐྲུན་བྱེད་པ་དེ་ཏང་འཛུགས་སྐྲུན་གྱི་སྤྱིའི་བཀོད་ཇུས་ཁྲོད་བཅུག་ནས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལ་ཤུགས་སྣོན་བྱེད་པ་དང་། སྒྲིག་ཁྲིམས་སྣ་ཚོགས་ཕྱོགས་ཡོངས་ནས་གཟབ་ནན་དང་མཐའ་གཅིག་ཏུ་གཟབ་ནན་བྱེད་པར་སྐུལ་ཁྲིད་བྱས་ནས། སྒྲིག་ཁྲིམས་ནན་མོར་སྲུང་བ་དང་། སྒྲིག་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་ རྒྱུན་འཁྱོངས་བྱེད་པ། “ འདུ་ཤེས་འཛིན་སྟངས་བཞིའི”སྲིད་ཇུས་དང་ཐབས་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱེད་པ། ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་མངོན་གསལ་སྒོས་འཛུགས་པ་དང་ནན་མོར་བཟོ་བ་བཅས་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལྷུག་ལྷོད་འཇམ་གསུམ་གྱི་གནས་ཚུལ་རྩ་བའི་ཐོག་ནས་ལེགས་སྒྱུར་བྱས།
བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པར་དམིགས་ནས་གནང་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པའི་བརྗོད་དོན་གསལ་ཞིང་ནང་དོན་ཕུན་སུམ་ཚོགས་ལ། དགོངས་པ་གཏིང་ཟབ་པས། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བྱེད་པ་དང་། བླང་བྱ་ནན་མོ་དེ་ཏང་སྲོལ་གཏན་འབེབས་དང་། ཏང་གི་སྒྲིག་ཁྲིམས་སློབ་གསོ། སྒྲིག་ཁྲིམས་ལག་བསྟར་ལྟ་སྐུལ་བཅས་ཀྱི་བརྒྱུད་རིམ་ཡོངས་སུ་ལག་བསྟར་བྱེད་པ། ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་རྟོགས། སྒྲིག་ཁྲིམས་གསལ་རྟོགས། སྒྲིག་ཁྲིམས་བརྩི་སྲུང་བཅས་བྱེད་པར་ཁྲིད་སྟོན་བྱེད་པ། སྒྲིག་ཁྲིམས་དང་སྒྲིག་སྲོལ་དེ་དངོས་གནས་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་འགྱུར་བར་བྱས་ནས། ཏང་ཡོངས་ཀྱི་དམིགས་འབེན་གཅིག་གྱུར་དང་། རྡོག་རྩ་གཅིག་སྒྲིལ། གོམ་སྟབས་གཅིག་གྱུར་བཅས་འགན་ལེན་ཏན་ཏིག་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན།
《རྣམ་བཤད་བཏུས་བསྒྲིགས》དེ་ཆེད་དོན10ལ་དབྱེ་བ་དང་དེ་ལ་བསྡོམས་པས་རྣམ་བཤད་ཚན་པ329ཡོད་པ་དེ་དག་ནི། བློ་མཐུན་ཞི་ཅིན་ཕིང་གི2012ལོའི་ཟླ11པ་ནས་2024ལོའི་ཟླ4པའི་བར་གྱི་སྙན་ཞུ་དང་། གསུང་བཤད། གསལ་བཤད། རྩོམ་ཡིག མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན130ལྷག་ལས་བཏུས་ཤིང་། དེའི་ནང་གི་རྣམ་བཤད་གལ་ཆེན་ཁག་གཅིག་ནི་ཐེངས་དང་པོར་ཡོངས་བསྒྲགས་འགྲེམ་སྤེལ་བྱས་པ་རེད།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།