ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལེ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
ཚོགས་འདུར་ཞུགས་པའི་ཆེད་མཁས་པས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནི་རིག་གནས་འཛུགས་སྐྲུན་གྱི་ལག་ལེན་ཉམས་མྱོང་ཐད་ཀྱི་གཞུང་ལུགས་ཀྱི་ཕྱོགས་བསྡོམས་ཤིག་ཡིན་ཞིང་། དུས་རབས་གསར་པའི་བསམ་བློ་རིག་གནས་འཛུགས་སྐྲུན་དང་རིག་གནས་དར་རྒྱས་གོང་འཕེལ་འགྲོ་བའི་ཁ་ཕྱོགས་རང་བཞིན་དང་། རྩ་བའི་རང་བཞིན་གྱི་གནད་དོན་རབ་དང་རིམ་པར་ལན་བཏབ་སྟེ། མར་ཁེ་སིའི་རིང་ལུགས་ཀྱི་རིག་གནས་དང་རིགས་པའི་གཞུང་ལུགས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་གསར་པ་བཏོད་ཡོད། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ཐོག་ནས་ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་གྱི་ཆོས་ཉིད་ལ་ངོས་འཛིན་བྱུང་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད་ལ། ང་ཚོའི་ཏང་གི་ལོ་རྒྱུས་ཀྱི་རང་རྟོན་དང་རིག་གནས་ཀྱི་རང་རྟོན་དེ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་དང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་རིག་གནས་དར་ཆ་བཙུགས་ནས་དྲིལ་སྒྲོག་བསམ་བློ་དང་རིག་གནས་ཀྱི་ལས་དོན་ལེགས་པོར་སྒྲུབ་པ་དང་། རིག་གནས་ཀྱི་འགན་འཁྲི་གསར་པ་ཕྲག་ཏུ་ལེན་པར་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་པ་མཚོན་ཡོད་པར་འདོད།
ཚོགས་འདུར་ཞུགས་པའི་ཆེད་མཁས་པས་བསྟན་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་ཞིབ་འཇུག་དང་འགྲེལ་བཤད་ལེགས་པོ་བྱེད་པ་དང་། སྤྱི་ཚོགས་ཚན་རིག་གི་རིགས་པའི་གཞུང་ལུགས་ལས་རིགས་དང་རིག་གནས་ལས་རིགས་ཀྱིས་རང་འགན་གཞན་ལ་དཀྲི་མི་རུང་བ་དང་། གཙོ་གནད་ལ་དམིགས་ནས་ཞིབ་འཇུག་དང་སློབ་སྲོལ་དང་རིག་གནས་ཀྱི་དར་སྲོལ་ཇེ་ལེགས་སུ་གཏོང་བར་མཐོང་ཆེན་བྱས་ཏེ། རིག་གཞུང་གི་རྨང་གཞི་དང་། ལག་ལེན་གྱི་ཁྲིད་སྟོན། རྒྱལ་སྤྱིའི་མཐོང་རྒྱ། ལོ་རྒྱུས་ཀྱི་སྲུང་ཚད་སོགས་ཀྱི་ཐད་ཤུགས་འདོན་པར་མཐོང་ཆེན་བྱས་ནས། རྒྱུན་ཆད་མེད་པར་ཞིབ་འཇུག་གི་ཟབ་ཚད་དང་ཡངས་ཚད་རྒྱ་བསྐྱེད་དགོས། སྟོབས་ཤུགས་ཀྱི་ཐོན་ཁུངས་ལ་གཅིག་གྱུར་གྱིས་ཞིབ་འཇུག་དང་། རིག་གཞུང་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ། རིན་ཐང་ལྡན་པའི་ཞིབ་འཇུག་གི་གྲུབ་འབྲས་སྔར་ལས་མང་པོ་འདོན་ཅི་ཐུབ་བྱེད་དགོས། འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་བཏང་སྟེ། རིག་གནས་དར་རྒྱས་གོང་འཕེལ་དང་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས།
བགྲོ་གླེང་ཚོགས་འདུའི་བརྗོད་བྱ་གཙོ་བོ་ནི་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་མ་ལག་ཅན་དང་ཚན་རིག་རིགས་པ་ཅན་གྱི་ཞིབ་འཇུག་འགྲེལ་བཤད་ལ་སྐུལ་འདེད་གཏོང་ཆེད་དེ་ཡིན། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཚོགས་འདུའི་ཐོག་ཞིབ་འཇུག་བྱ་གཞི་དང་ནང་དོན་གལ་ཆེན་ཁག་དང་པོའི་ཁ་ཕྱོགས་འགྲེམ་སྤེལ་བྱས། ཀྲུང་དབྱང་རིག་གནས་དྲིལ་སྒྲོག་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དང་འབྲེལ་ཡོད་ཆེད་མཁས་པ་ཚོགས་འདུར་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།