ཟླ5པའི་ཚེས29ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་བཅུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པ་དང་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བའི་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་གྲོས་མོལ་གནང་།
ཟླ5པའི་ཚེས29ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་བཅུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པ་དང་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བའི་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་གྲོས་མོལ་གནང་། ཞི་ཅིན་ཕིང་དང་སའེ་ཞི་ཡིས་ཕྱག་འཇུ་གནང་བཞིན་པ།
ཞི་ཅིན་ཕིང་གིས་བསྟན་དོན། ལོ68སྔོན་དུ། ཨེ་ཅིབ་ཀྱིས་ཨ་རབ་དང་ཧྥེ་གླིང་རྒྱལ་ཁབ་ཁྲོད་ནས་སྔོན་ལ་ཀྲུང་གོ་གསར་པ་དང་འབྲེལ་བ་བཙུགས་པ་རེད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་རྟོན་དང་གཞུང་དྲང་མཉམ་ལས། ལག་རྡང་མཉམ་སྦྲེལ་གྱིས་འཕེལ་རྒྱས་བཏང་བ་ཡིན། ད་ལོ་ནི་ཀྲུང་གོ་དང་ཨེ་ཅིབ་བར་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་ཟླ་གྲོགས་འབྲེལ་བ་བཙུགས་ནས་ལོ་བཅུ་འགོར་བའི་ལོ་ཡིན། ལོ་ངོ་བཅུའི་རིང་དུ། ངས་ཙུང་ཐུང་སའེ་ཞི་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་གསོན་ཤུགས་ལྡན་པར་འཕེལ་རྒྱས་འབྱུང་བར་མཉམ་དུ་སྣེ་ཁྲིད་བྱས་པ་རེད། ཀྲུང་གོ་དང་ཨེ་ཅིབ་ཀྱི་འབྲེལ་བ་དེ་ཀྲུང་གོ་དང་ཨ་རབ། ཧྥེ་གླིང་། དབྱི་སི་ལན། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་དང་། གཉིས་ཕན་གཉིས་རྒྱལ་གྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། གནས་བབ་གསར་པའི་འོག ནང་དོན་སྔར་ལས་ཟབ་ཅིང་གསོན་ཤུགས་སྔར་ལས་རྒྱས་པའི་ཀྲུང་གོ་དང་ཨེ་ཅིབ་ཀྱི་འབྲེལ་བ་བཙུགས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་རེ་འདོད་དང་མཐུན་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་དང་མཉམ་དུ་ཕན་ཚུན་ཡིད་རྟོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། མཉམ་ལས་ལ་སྐུལ་འདེད། དུས་རབས་གསར་པར་ཁ་ཕྱོགས་པའི་ཀྲུང་གོ་དང་ཨེ་ཅིབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བཙུགས་ཏེ། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་། བརྟན་འཇགས། འཕེལ་རྒྱས། དར་རྒྱས་བཅས་ཀྱི་ཆེད་དུ་སྟོབས་ཤུགས་འབུལ་རྒྱུར་འཐད་པ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོས་ད་ལྟ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ལ། ཀྲུང་གོ་དང་ཨེ་ཅིབ་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་དེ་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དང་འཕྲད་ཡོད་པས། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་མུ་མཐུད་ཇེ་བརྟན་དུ་གཏོང་བ་དང་། ལག་རྡང་མཉམ་སྦྲེལ་གྱིས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་བར་གྱི་མཉམ་དུ་རྨང་གཞིའི་སྒྲིག་ཆས་དང་། བཟོ་ལས། གློག་ཤུགས། ཞིང་ལས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོན་འདོན་གཏིང་ཟབ་བྱེད་པ་དང་། སྨན་བཅོས་འཕྲོད་བསྟེན་དང་། ཆ་འཕྲིན་འཕྲིན་གཏོང་། བསྐྱར་སྤྱོད་ནུས་ཁུངས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་གསར་འབྱེད་བྱེད་པ་དང་། ཉོ་ཚོང་དངུལ་གཏོང་གི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། སྔར་ལས་མང་བའི་ཀྲུང་གོའི་ཁེ་ལས་ཀྱིས་ཨེ་ཅིབ་ཏུ་དངུལ་གཏོང་ལས་སྤེལ་བྱེད་པར་སྐུལ་མ་གཏོང་རྒྱུར་འཐད་པ་ཡིན། ད་ལོའི་ཀྲུང་གོ་དང་ཨེ་ཅིབ་ཀྱི་ཟླ་གྲོགས་ལོའི་བྱ་བ་ཡག་པོར་བསྒྲུབ་སྟེ། རྒྱལ་ཁབ་གཉིས་ཀྱི་མི་སྣའི་འགྲོ་འོང་དང་མི་ཆོས་བརྗེ་རེས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས། ཨེ་ཅིབ་ཀྱི་ལུའུ་པན་བཟོ་བསྐྲུན་དེ་ཀྲུང་གོ་དང་ཧྥེ་གླིང་གི་ལས་རིགས་སློབ་གསོའི་མཉམ་ལས་ཀྱི་མཚོན་རྟགས་ཤིག་ཏུ་འགྱུར་བར་བྱེད་དགོས་ཞེས་ནན་བཤད་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཀྱིས་རྒྱལ་སྤྱི་དང་ས་གནས་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཨེ་ཅིབ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་སོགས་ཕྱོགས་མང་སྟེགས་བུའི་མཐུན་སྦྱོར་གཞོགས་འདེགས་སྔར་ལས་དམ་ཟབ་ཏུ་གཏོང་རྒྱུ་དང་། འདྲ་མཉམ་དང་གོ་རིམ་ཡོད་པའི་འཛམ་གླིང་སྣེ་མང་ཅན་དང་སྤྱི་ཕན་བཟོད་སྒོམ་གྱི་དཔལ་འབྱོར་འཛམ་གླིང་ཅན་དར་སྤེལ་བཏང་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་བྱ་རྒྱུར་འཐད་པ་ཡིན། ད་ལོ་ནི་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ20འགོར་བའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་དང་དེ་ལས་གཞན་པའི་ཕྱོགས་སོ་སོའི་བར་མཐུན་སྦྱོར་མཉམ་ལས་དམ་ཟབ་བྱས་ཏེ། ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཡག་པོར་སྤེལ་བ་དང་། རྒྱུན་ཆད་མེད་པར་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་སྣོན་པ་དང་། ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུར་འཐད་པ་ཡིན་པར་མ་ཟད། ཨེ་ཅིབ་སོགས་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་ཧྥེ་གླིང་གི་ཁོངས་གཏོགས་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཧྥེ་གླིང་གི་མཛའ་འབྲེལ་མཉམ་ལས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ལག་རྡང་སྦྲེལ་ནས་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཧྥེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་ཡང་འཐད་པ་ཡིན་ཞེས་ནན་གྱིས་གསུངས།
ཟླ5པའི་ཚེས29ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་བཅུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པ་དང་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བའི་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་གྲོས་མོལ་གནང་།
སའེ་ཞི་ཡིས་བཤད་རྒྱུར། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བ་དང་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་བཅུ་པའི་མགོ་རྩོམ་མཛད་སྒོར་ཞུགས་ཏུ་ཡོང་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། མིག་སྔར་གྱི་འཛམ་གླིང་འདི་རྙོག་འཛིང་དང་འགྱུར་ལྡོག་ཁྲོད་གནས་ཡོད་ཅིང་། དབུས་ཤར་ས་ཁུལ་ཉེན་ཁར་འཕྲད་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་ཟླ་གྲོགས་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ས་ཁུལ་གྱི་ཞི་བདེའི་བརྟན་འཇགས་ལ་སྐུལ་འདེད་གཏོང་བར་འབད་པ་བྱེད་རྒྱུའི་རེ་བ་བཅངས་ཡོད། ཨེ་ཅིབ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་ངེས་ཡིན་ལ། ཀྲུང་གོ་ཕྱོགས་ཀྱི་ཐེ་ཝན་དང་ཞང་ཀང་། བོད་བཅས་དང་འབྲེལ་བ་ཡོད་པ་དང་། མིའི་ཁེ་དབང་སོགས་སྲོག་ཤིང་ཁེ་ཕན་གནད་དོན་སྟེང་གི་ལངས་ཕྱོགས་ལ་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པར་མ་ཟད། ཀྲུང་གོས་རྒྱལ་ཁབ་ཡོངས་སུ་གཅིག་གྱུར་བྱེད་པ་མངོན་འགྱུར་འབྱུང་བར་རྒྱབ་སྐྱོར་བརྟན་པོ་བྱེད་ངེས་ཡིན། ཨེ་ཅིབ་ཀྱིས་ཀྲུང་གོའི་ཁེ་ལས་སྔར་ལས་མང་བོས་ཨེ་ཅིབ་ནས་དངུལ་གཏོང་མཉམ་ལས་བྱེད་པ་དང་། ཨེ་ཅིབ་ཀྱི་བཟོ་བསྐྲུན་ལས་རིགས་འཕེལ་རྒྱས་དང་བཟོ་ལས་ཅན་གྱི་འཕེལ་རིམ་ལ་རོགས་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། ད་ལོའི་ཨེ་ཅིབ་དང་ཀྲུང་གོའི་ཟླ་གྲོགས་ལོ་གོ་སྐབས་སུ་བྱས་ཏེ། མི་ཆོས་བརྗེ་རེས་དམ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཆ་འཕྲིན་འཕྲིན་གཏོང་དང་། མིས་བཟོས་རིག་ནུས། ནུས་ཁུངས་གསར་པ། འབྲུ་རིགས་བདེ་འཇགས། དངུལ་རྩ་སོགས་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ཨེ་ཅིབ་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གྲོས་གཞི་རབ་དང་རིམ་པར་བསྔགས་བརྗོད་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་དམ་ཟབ་ཏུ་གཏོང་བ་དང་། མིའི་རིགས་ཀྱི་ཞི་བདེའི་འཕེལ་རིམ་ཐད་ཧུར་ཐག་གིས་བྱས་རྗེས་འཇོག་རྒྱུར་འཐད་པ་ཡིན།
ཕྱོགས་གཉིས་ཀྱིས་ད་དུང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འགལ་ཟླའི་ཐད་ནས་བསམ་ཚུལ་བརྗེ་རེས་བྱས། ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འགལ་ཟླ་ལས་ཕ་ལེ་སི་ཐན་གྱི་ཉེས་མེད་ཀྱི་མང་ཚོགས་འབོར་ཆེན་ལ་ཤི་རྨས་ཐེབས་ཤིང་། ཅ་ཧྲའི་མི་ཆོས་གནས་བབ་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེར་སེམས་ཁུར་ཚད་མེད་བྱེད་བཞིན་ཡོད། ཁ་ཚ་དགོས་གཏུག་ཏུ་གྱུར་བ་ཞིག་ནི་དམག་འཁྲུག་མྱུར་དུ་མཚམས་བཞག་ནས། འགལ་ཟླ་ཕྱི་རུ་ཤོར་ནས་ས་ཁུལ་གྱི་ཞི་བདེའི་བརྟན་འཇགས་ལ་གཏོར་བརླགས་ཐེབས་པར་གཡོལ་ཐུབ་བྱེད་པ་དང་། སྔར་ལས་ཚབས་ཆེན་དུ་འགྱུར་བཞིན་པའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་བཀག་འགོག་བྱེད་རྒྱུ་དེ་རེད། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་ཐབས་ལམ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ངོ་མར་འགྱུར་བར་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཀྱིས་གནས་བབ་ཞི་འཇགས་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་མངོན་འགྱུར་བྱེད་པའི་ཐད་བཏོན་པའི་ནུས་པ་གལ་ཆེན་ལ་བསྔགས་བརྗོད་བྱེད་པར་མ་ཟད། ཨེ་ཅིབ་ཕྱོགས་དང་མཉམ་དུ། མུ་མཐུད་དུ་ཅ་ཧྲའི་མང་ཚོགས་ལ་རང་ནུས་ཅི་ལྕོགས་ཀྱི་རོགས་རམ་འདོན་སྤྲོད་བྱས་ཏེ། སྔ་མོ་ནས་ཕྱོགས་ཡོངས་དང་དྲང་གཞག ཡུན་རིང་བའི་སྒོ་ནས་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་རྒྱུར་འཐད་པ་ཡིན་ཞེས་གསུངས།
སའེ་ཞི་ཡིས་བཤད་རྒྱུར། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་གནད་དོན་སྟེང་དུས་ནམ་ཡང་བདེན་དོན་སྲུང་འཛིན་བྱས་ཏེ། དྲང་བདེན་གྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་པར་ཚད་མཐོའི་བསྟོད་བསྔགས་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་དམ་ཟབ་རྒྱུན་སྲུང་བྱས་ནས། ཅ་ཧྲ་ས་ཁུལ་གྱི་བྲེལ་མྱུར་གནས་བབ་མྱུར་དུ་ཞི་འཇགས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུར་འཐད་པ་ཡིན་ཞེས་བཤད།
ཟླ5པའི་ཚེས29ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་བཅུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པ་དང་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བའི་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་གྲོས་མོལ་གནང་། འདི་ནི་གྲོས་མོ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་གནང་བའི་རྣམ་པ་རེད།
གྲོས་མོལ་གནང་ཚར་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་མཉམ་ལས་ཀྱི་འཆར་གཞི་དང་། ཚན་རྩལ་གསར་གཏོད། དངུལ་གཏོང་དང་དཔལ་འབྱོར་མཉམ་ལས། རིམས་ནད་བརྟག་བཤེར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་གནང་།
ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་རབ་ཨེ་ཅིབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་ཟླ་གྲོགས་འབྲེལ་བའི་མཉམ་འབྲེལ་གསལ་བསྒྲགས་སྤེལ།
ཟླ5པའི་ཚེས29ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་བཅུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པ་དང་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བའི་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མའི་ཕྱི་རོལ་ཐང་ཆེན་དུ་སའེ་ཞི་ལ་དགའ་བསུའི་བྱེད་སྒོ་སྤེལ་བའི་རྣམ་པ་རེད།
གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མའི་ཕྱི་རོལ་ཐང་ཆེན་དུ་སའེ་ཞི་ལ་དགའ་བསུའི་བྱེད་སྒོ་སྤེལ།
ཟླ5པའི་ཚེས29ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་བཅུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པ་དང་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བའི་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མའི་ཕྱི་རོལ་ཐང་ཆེན་དུ་སའེ་ཞི་ལ་དགའ་བསུའི་བྱེད་སྒོ་སྤེལ་བའི་རྣམ་པ་རེད།
ཟླ5པའི་ཚེས29ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་བཅུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པ་དང་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བའི་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མའི་ཕྱི་རོལ་ཐང་ཆེན་དུ་སའེ་ཞི་ལ་དགའ་བསུའི་བྱེད་སྒོ་སྤེལ་བའི་རྣམ་པ་རེད།
སའེ་ཞི་ཕེབས་མ་ཐག གུས་ཞབས་དམག་བསྟར་རུ་དཔུང་གིས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་པ་ན། དམག་མིའི་རོལ་དབྱངས་རུ་ཁག་གིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་ལུགས་མེ་སྒྱོགས་ཐེངས21གྲགས། སའེ་ཞི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བར་མ་ཟད། ཕྲེང་བསྒྲིགས་རྣམ་པར་ཞིབ་གཟིགས་མཛད།
ཟླ5པའི་ཚེས29ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་བཅུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པ་དང་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བའི་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མའི་ཕྱི་རོལ་ཐང་ཆེན་དུ་སའེ་ཞི་ལ་དགའ་བསུའི་བྱེད་སྒོ་སྤེལ་བའི་རྣམ་པ་རེད།
ཉིན་དེའི་དགོང་མོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་སའེ་ཞི་ལ་དགའ་བསུའི་གསོལ་སྟོན་བཤམས།
ཝང་དབྱི་གོང་གསལ་བྱ་འགུལ་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།