རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས29ཉིན་པེ་ཅིང་དུ་སོ་སོར་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨོ་པིས་ཨང་དང་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ལ་མཇལ་འཕྲད་གནང་།
ཟླ5པའི་ཚེས29ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་ནས་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨོ་པིས་ཨང་ལ་མཇལ་འཕྲད་གནང་།
ཨོ་པིས་ཨང་ལ་མཇལ་འཕྲད་གནང་སྐབས། ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་སང་ཙུང་ཐུང་ཨོ་པིས་ཨང་དང་གྲོས་མོལ་མཛད་དེ། ཕྱོགས་གཉིས་འབྲེལ་བ་དེ་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་བཏང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་ཆེད་འཆར་གཞི་གསར་བ་བཀོད། ཀྲུང་གོས་ཐིག་དམར་ཀུའེ་ནེ་ཡ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ལྟ་བ་ལག་བསྟར་བཟང་བོ་བྱེད་པ་དང་། འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་པ། སྤུས་ཚད་མཐོ་བའི་ངང་རྒྱུད་གཅིག་ལམ་གཅིག་་མཉམ་འཛུགས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ནས་འཕེལ་རྒྱས་སྔར་ལས་ཆེན་པོ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཐིག་དམར་ཀུའེ་ནེ་ཡའི་གྲོས་ཁང་བར་གྱི་རིམ་པ་སོ་སོའི་བརྗེ་རེས་ལ་ཤུགས་སྣོན་པ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ཐད་ནས་ཕན་ཚུན་སློབ་སྦྱོང་དང་དཔེ་ལྟ་བྱེད་པ། ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཕན་པའི་བཅའ་ཁྲིམས་ཡིག་ཆར་ཆོག་མཆན་འགོད་པ་དང་བཟོ་བཅོས་བྱས་ཏེ། རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་སོགས་ཕྱོགས་མང་རྐྱེན་སྲོལ་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ཇེ་དམ་དུ་གཏོང་འདོད་ཡོད།
ཨོ་པིས་ཨང་གིས་བསྟན་དོན། ཐིག་དམར་ཀུའེ་ནེ་ཡས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་འཛམ་གླིང་ཡོངས་ཀྱི་གྲོས་གཞི་ཆེན་པོ་གསུམ་ལ་གདེང་འཇོག་མཐོན་པོ་བྱེད་པ། ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཕིན་ཆེན་ཧྭ་མཇལ་འཕྲད་ལ་ཞུགས།
ཟླ5པའི་ཚེས29ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་ནས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ལ་མཇལ་འཕྲད་གནང་།
སའེ་ཞི་ཡིས་མཇལ་འཕྲད་གནང་སྐབས། ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་སའེ་ཞི་ཡི་འཐབ་ཇུས་སྣེ་ཁྲིད་འོག ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ནས་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱས་པ་དང་། ལོ་རྒྱུས་ཀྱི་ཆེས་བཟང་བི་ཆུ་ཚད་སླེབས་ཡོད། ཀྲུང་གོས་དང་ཨེ་ཅིབ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཆབ་སྲིད་ཀྱི་རང་རྟོན་སྲ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཨེ་ཅིབ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱེད་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཨེ་ཅིབ་གྲོས་ཁང་བར་གྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་རིམ་པ་མང་པོ་དང་ཁྱབ་ཁོངས་མང་པོའི་བརྗེ་རེས་འགྲོ་འོང་ལ་ཤུགས་སྣོན་པ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ཐད་ནས་ཕན་ཚུན་སློབ་སྦྱོང་དང་དཔེ་ལྟ་བྱས་ནས། མི་དམངས་ཀྱི་མཛའ་མཐུན་ཇེ་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་ཆེད་སྟོབས་ཤུགས་འབུལ་འདོད་ཡོད།
སའེ་ཞི་ཡིས་བསྟན་དོན། ཨེ་ཅིབ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་ཀྱིན་ཡོད་ལ། དེ་ནི་ཨེ་ཅིབ་ཀྱི་འགྱུར་བ་མེད་པའི་ལངས་ཕྱོགས་ཡིན། ཨེ་ཅིབ་ཀྱིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ། ཨེ་ཅིབ་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཐད་ནས་སྔར་ལས་ཆེ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་སྟེ། ས་ཁུལ་དང་རྒྱལ་སྤྱིའི་ཞི་བདེ་གཏན་འཇགས་ལ་སྐུལ་འདེད་གཏོང་ཆེད་མཉམ་དུ་བྱས་རྗེས་འཇོག་འདོད་ཡོད།
ཝང་ཏུང་མེན་མཇལ་འཕྲད་ལ་ཞུགས།
ཟླ5པའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་སོང་ནས། མི་དམངས་དཔལ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་ཕུལ།
རིན་ཆེན་མཚོས་བསྒྱུར།