རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས29ཉིན་པེ་ཅིང་དུ་ཨུ་རུ་སི་དཀར་པོའི་གྲོས་ཁང་གོང་མའི་ཀྲུའུ་ཞི་ཁི་ཆཱ་ནའོ་ཝར་ཐུག་འཕྲད་བྱས།
ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་ཡིས་འཐབ་ཇུས་འགོ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཐད་ནས་བདེ་ཐང་དང་བརྟན་འཇགས་ཀྱི་འཕེལ་རྒྱས་རྣམ་པ་སྲུང་འཛིན་བྱས། ཀྲུང་གོས་ཨུ་རུ་སི་དཀར་པོ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ལྟ་བ་ལག་བསྟར་བྱེད་པ་དང་། བློ་རྩ་བརྟན་པོས་ཕན་ཚུན་གྱི་ཆབ་སྲིད་ཐད་རྒྱབ་སྐྱོར་བྱེད་པ། གཉིས་ཕན་མཉམ་ལས་ཏན་ཏིག་གིས་སྤེལ་བ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མཉམ་ལས་གཏིང་ཟབ་རུ་སྤེལ་བ། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་བཟོ་ལས་ར་བ་མཉམ་དུ་འཛུགས་སྐྲུན་བྱེད་པ། མི་གཞུང་བརྗེ་རེས་དང་ཕན་ཚུན་དཔེ་ལྟ་བཟང་བོ་བྱེད་པ། སློབ་གསོ་དང་རིག་གནས། གནས་སྐོར། ན་གཞོན་སོགས་ཁྱབ་ཁོངས་སོ་སོའི་བྱ་བར་ཕྱོགས་ཡོངས་ནས་ཤུགས་སྣོན་པ། ཕྱོགས་མང་མཐུན་སྦྱོར་དང་གཞོགས་འདེགས་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་འབྲེལ་བ་བརྟན་བརླིང་ངང་ཡུན་རིང་བོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
ཁི་ཆཱ་ནའོ་ཝ་ཡིས་བསྟན་དོན། ཨུ་རུ་སིའི་དཀར་པོས་ཨུ་རུ་སི་དཀར་པོ་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་སྟོབས་ཤུགས་འདོན་བཞིན་ཡོད་པ་དང་། འདས་སོང་དང་ད་ལྟ། མ་འོངས་པ་བཅས་དུས་ནམ་ཡིན་ཡང་ཀྲུང་གོའི་བློ་གཏད་ཆོག་པའི་གྲོགས་པོ་ཡིན། ཨུ་རུ་སི་དཀར་པོས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱས་པ་དང་། ཀྲུང་གོས་ཁེ་ཕན་གཙོ་བོ་དང་སེམས་ཁུར་གལ་ཆེན་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད། ཨུ་རུ་སི་དཀར་པོའི་གྲོས་ཁང་གོང་མས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་ཆེད་བྱས་རྗེས་འཇོག་འདོད་ཡོད།
རིན་ཆེན་མཚོས་བསྒྱུར།