ཞི་ཅིན་ཕིང་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་།
2024.05.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ5པའི་ཚེས30ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་པར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས2026ལོར་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་རྩེ་ཚོགས་སྐབས་གཉིས་པ་ཀྲུང་གོ་རུ་སྤེལ་རྒྱུ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་དང་མཉམ་དུ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་བར་གྱི་མཛའ་མཐུན་འདུ་ཤེས་དར་སྤེལ་བྱས་ཏེ། མཉམ་ལས་ཀྱི་རྣམ་པ་ཆེན་པོ་ལྔ་བཙུགས་ནས། ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་འདོད་ཡོད་ཅེས་བསྒྲགས།

ཟླ5པའི་ཚེས30ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་པར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་།

དབྱར་གྱི་དཔལ་ཡོན་ཤར་ནས་སྐྱེ་དངོས་ཐམས་ཅད་ལ་གསོན་ཤུགས་རྣམ་པར་རྒྱས་ཡོད།  ཏེའོ་ཡུས་ཐའེ་ཧྥང་ཧྭ་སྐྱེད་ཚལ་དུ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་དར་དང་ཨ་རབ་མནའ་འབྲེལ་རྒྱལ་ཁབ་ཀྱི་དར་ཆར་བཀྲག་མདངས་འཚེར་བཞིན་ཡོད།

ཟླ5པའི་ཚེས30ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་པར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་།

ཞི་ཅིན་ཕིང་གིས་པཱ་རེན་གྱི་རྒྱལ་བོ་ཧ་མ་ཏི་དང་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི། ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏི། ཨ་རབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་དང་ཨ་རབ་རྒྱལ་ཁབ་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཉེར་གཉིས་ལ་རེ་རེ་བཞིན་ཕྱག་འཇུ་གནང་ནས་མཉམ་པར་བསྐྱོན།

ཟླ5པའི་ཚེས30ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་པར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་། འདི་ནི་ཞི་ཅིན་ཕིང་གིས་པཱ་རེན་གྱི་རྒྱལ་བོ་ཧ་མ་ཏི་དང་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི། ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏི། ཨ་རབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་དང་ཨ་རབ་རྒྱལ་ཁབ་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཉེར་གཉིས་བཅས་དང་མཉམ་དུ་བསྐྱོན་པར་པར་རེད།

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་ཁ་ཡིག་ལ《མཉམ་ལས་ཟབ་སྤེལ་དང་སྔ་འཛིན་ཕྱི་གཏོད་བྱས་ཏེ། ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས》ཞེས་པའི་གཙོ་དོན་གསུང་བཤད་གནང་།

ཟླ5པའི་ཚེས30ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་པར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཀྲུང་གོའི་མི་དམངས་དང་ཨ་རབ་རྒྱལ་ཁབ་དང་མི་དམངས་བར་གྱི་མཛའ་བརྩེ་ནི། དར་གོས་གནའ་ལམ་གྱི་མཛའ་མཐུན་འགྲོ་འོང་། མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་སྐབས་ཀྱི་དཔུང་པ་མཉམ་གཤིབ། རྒྱལ་ཁབ་འཛུགས་སྐྲུན་འཕེལ་རིམ་ཁྲོད་ཀྱི་མཉམ་ལས་མཉམ་རྒྱལ་བཅས་ལས་བྱུང་བ་ཡིན། དུས་རབས་གསར་པའི་ཚུན་ལ། ཀྲུང་གོ་དང་ཨ་རབ་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། 2022ལོའི་ཟླ12པར། ང་རང་སོ་ཏི་ཨ་རབ་ཀྱི་ལེ་ཡ་ཏི་རུ་སོང་ནས་ཀྲུང་གོ་དང་ཨ་རབ་ཀྱི་རྩེ་ཚོགས་སྐབས་དང་པོར་ཞུགས་པ་ཡིན་ལ། ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་ཀ་སྟོབས་ཤུགས་ཡོད་རྒུས་དུས་རབས་གསར་པར་ཁ་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་འཐད་པ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་མཉམ་དུ་རྩེ་ཚོགས་ཀྱི་འཐབ་ཇུས་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། ཀྲུང་གོ་དང་ཨ་རབ་བར་གྱི་འབྲེལ་བའི་མཆོང་སྐྱོད་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས2026ལོར་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་བར་གྱི་རྩེ་ཚོགས་སྐབས་གཉིས་པ་ཀྲུང་གོ་རུ་སྤེལ་རྒྱུ་ཡིན་པ་དང་། དེ་ཡང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལམ་ཚད་རྡོ་རིང་ཞིག་ཏུ་འགྱུར་བར་ཡིད་ཆེས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བཞིན་ཡོད། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཚང་མས་རང་སོ་སོའི་མི་རིགས་དར་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ཡོད། ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དེས་ང་ཚོས་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བའི་དུས་རབས་གསར་པ་གཏོད་པ་དང་། མཛེས་སྡུག་ལྡན་པའི་འཛམ་གླིང་གི་འབྱུང་འགྱུར་གསར་པ་གཏོད་པའི་ཐུན་མོང་གི་རེ་འདུན་མངོན་པར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་ཕན་ཚུན་རོགས་རེས་དང་འདྲ་མཉམ་གཉིས་ཕན།    ཁོང་ཡངས་དཔེ་ལྟ།    མཉམ་ལས་དམ་ཟབ་བཅས་བྱས་ནས་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་དེ་འཛམ་གླིང་གི་ཞི་བདེ་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པའི་ཚད་གཞི་དང་།    སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མ་དཔེ།    དཔལ་ཡོན་མི་འདྲ་བའི་འཆམ་མཐུན་མཉམ་གནས་ཀྱི་མིག་དཔེ། འཛམ་གླིང་ཡོངས་ལ་བཅོས་སྐྱོང་ཡང་དག་ཐབས་ལམ་གྱི་མིག་དཔེ་བཅས་སུ་བསྐྲུན་འདོད་ཡོད། 

ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་ངས་ཀྲུང་གོ་དང་ཨ་རབ་ཀྱི་མཐོ་རིམ་རྩེ་ཚོགས་སྐབས་དང་པོའི་སྐབས་སུ་བཏོན་པའི་ཀྲུང་གོ་དང་ཨ་རབ་ཀྱི་དངོས་གཉེར་མཉམ་ལས་ཀྱི“ཐུན་མོང་འགུལ་སྐྱོད་ཆེན་པོ་བརྒྱད”ལག་བསྟར་བྱེད་པར་སྔ་དུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེ་རྨང་གཞིར་བྱས་ཏེ་ཨ་རབ་བར་དུ“མཉམ་ལས་ཀྱི་རྣམ་པ་ཆེན་པོ་ལྔ”བསྐྲུན་ནས་ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མགྱོགས་མྱུར་སྒོས་བསྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད།

ཟླ5པའི་ཚེས30ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་པར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་།

གཅིག་ནི་སྔར་ལས་གསོན་ཤུགས་ལྡན་པའི་གསར་གཏོད་སྐུལ་སྤེལ་གྱི་རྣམ་པ་བསྐྲུན་པ། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་མཉམ་དུ་ཚེ་སྲོག་བདེ་ཐང་དང་མིས་བཟོས་རིག་ནུས། ལྗང་མདོག་ཐཱན་ཉུང་། དེང་རབས་ཞིང་ལས། བར་སྟོང་ཆ་འཕྲིན་སོགས་ཁྱབ་ཁོངས་སུ་མཉམ་འབྲེལ་ཚོད་ལྟ་ཁང10མཉམ་སྐྲུན་བྱེད་པ་དང་། མིས་བཟོས་རིག་ནུས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། མིས་བཟོས་རིག་ནུས་ཀྱིས་དངོས་ཕུང་དཔལ་འབྱོར་ལ་རོགས་འདེགས་བྱེད་པར་མཉམ་དུ་ཡར་སྐུལ་བྱེད་པ་དང་། ཐུན་མོང་གི་ངོས་འཛིན་རྒྱ་ཆེན་པོ་ལྡན་པའི་འཛམ་གླིང་མིས་བཟོས་རིག་ནུས་བཅོས་སྐྱོང་མ་ལག་ཆགས་པར་སྐུལ་འདེད་གཏོང་དགོས། བར་སྟོང་གི་གྲུབ་ཆ་མང་པོའི་མཉམ་འབྲེལ་ལྟ་ཞིབ་ལྟེ་གནས་དང་བྱང་སྐར་ཉེར་སྤྱོད་མཉམ་ལས་འཕེལ་རྒྱས་ལྟེ་གནས་མཉམ་སྐྲུན་བྱས་ནས། མི་སྡོད་མཁའ་སྐྱོད་དང་དམངས་སྤྱོད་མཁའ་འགྲུལ་གནམ་གྲུ་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས།

གཉིས་ནི་སྔར་ལས་གཞི་ཁྱོན་ཆེ་བའི་དངུལ་གཏོང་དངུལ་རྩའི་རྣམ་པ་བསྐྲུན་པ། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་བར་དུ་ཐོན་ལས་དང་དངུལ་གཏོང་གི་མཉམ་ལས་གླེང་སྟེགས་བཙུགས་ཏེ། ཕྱོགས་གཉིས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་མཉམ་ལས་བྱེད་ཤུགས་ཇེ་ཆེར་གཏོང་བར་རྒྱབ་སྐྱོར་བྱེད་འདོད་ཡོད་ལ། ཨ་རབ་ཀྱི་དངུལ་ཁང་ལས་ཁུངས་དག་མི་དམངས་ཤོག་སྒོར་མངའ་ཁོངས་བརྒལ་ནས་གཏོང་སྤྲོད་བྱེད་པའི་ཞིབ་རྩིས་མ་ལག་ནང་དུ་ཞུགས་པར་དགའ་བསུ་ཞུ་བ་དང་། ཀྲུང་དབྱང་དངུལ་ཁང་གི་གཞི་གྲངས་དངུལ་ལོར་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད།

གསུམ་ནི་སྔར་ལས་ཟུར་མང་བའི་ནུས་ཁུངས་མཉམ་ལས་ཀྱི་རྣམ་པ་བསྐྲུན་པ། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་མཉམ་དུ་སྣུམ་རླངས་ཁྱབ་ཁོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ནས། ནུས་ཁུངས་གསར་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་སྒྲིག་ཆས་ཐོན་སྐྱེད་མཉམ་དུ་སྤེལ་རྒྱུ་ཡིན། ཀྲུང་གོའི་ནུས་ཁུངས་ཁེ་ལས་དང་དངུལ་རྩའི་ལས་ཁུངས་ཨ་རབ་རྒྱལ་ཁབ་ཀྱི་བསྐྱར་སྤྱོད་རུང་བའི་ནུས་ཁུངས་ལས་གཞི་ལ་ཞུགས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན།

བཞི་ནི་སྔར་ལས་དོ་སྙོམས་ཡིན་པའི་དཔལ་འབྱོར་ཉོ་ཚོང་གཉིས་ཕན་གྱི་རྣམ་པ་བསྐྲུན་པ། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཨ་རབ་བར་གྱི་འཕེལ་རྒྱས་མཉམ་ལས་ལས་གཞི་ལག་བསྟར་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་དང་ས་ཁོངས་བར་དུ་རང་མོས་ཉོ་ཚོང་ཆོད་དོན་འགོད་པར་གྲོས་མོལ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། གློག་རྡུལ་ཚོང་དོན་མཉམ་ལས་ཀྱི་གྲོས་མོལ་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་ཨ་རབ་ཕྱོགས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སུ་ཧུར་ཐག་གིས་ཞུགས་པར་དགའ་བསུ་ཞུ་བ་དང་། ཨ་རབ་ཕྱོགས་ནས་ནུས་ཁུངས་མིན་པའི་རིགས་ཀྱི་ཐོན་རྫས་དང་ཁྱད་པར་དུ་ཞིང་ལས་ཟས་རིགས་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཇེ་ཆེར་གཏོང་འདོད་ཡོད།

ལྔ་ནི་སྔར་ལས་རྒྱ་ཆེ་བའི་མི་གཞུང་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྲུན་པ། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་བར་དུ་འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འགོའི་ཀྲུང་གོ་དང་ཨ་རབ་ཀྱི་ལྟེ་གནས་འཛུགས་པ་དང་། རིག་མཛོད་མནའ་འབྲེལ་དང་ན་གཞོན་འཕེལ་རྒྱས་གླེང་སྟེགས། སློབ་གྲྭ་ཆེན་མོའི་མནའ་འབྲེལ། རིག་གནས་དང་ཡུལ་སྐོར་མཉམ་ལས་ཞིབ་འཇུག་ལྟེ་གནས་སོགས་སྟེགས་བུ་འཛུགས་སྐྲུན་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལོ་རེར་ཨ་རབ་ཕྱོགས་ཀྱི་སྲིད་ཏང་གི་འགོ་ཁྲིད200ཀྲུང་གོར་འཚམས་འདྲིར་གདན་འདྲེན་ཞུ་རྒྱུ་ཡིན་པ་དང་། མ་འོངས་པའི་ལོ5ཡི་ནང་དུ་ཡུལ་སྐོར་པ་བྱེ་བ་གཅིག་ཕར་ཚུར་འགྲོ་འོང་བྱེད་རྒྱུ་བརྩོན་ལེན་བྱ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། དབུས་ཤར་ས་ཁུལ་ནི་འཕེལ་རྒྱས་ཀྱི་གཤིན་ས་ཞིག་ཡིན་མོད། འོན་ཀྱང་ས་དེ་རུ་དམག་འཁྲུག་ད་དུང་མཚམས་ཆད་མེད། དམག་འཁྲུག་མུ་མཐུད་དུ་རྒྱུན་སྐྱོང་མི་རུང་ལ་དྲང་བདེན་ཡང་གཏན་དུ་ཆད་མི་རུང་ཞིང་། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”ལ་གཡོ་འགུལ་གཏན་ནས་གཏོང་མི་རུང་། ཀྲུང་གོའི་ཕྱོགས་ཀྱིས 1967ལོའི་ས་མཚམས་རྨང་གཞིར་བྱེད་པ་དང་། ཡེ་ལུའུ་ས་ལེམ་ཤར་མ་རྒྱལ་སར་བྱེད་པ། བདག་དབང་ཆ་ཚང་ལོངས་སུ་སྤྱོད་པའི་རང་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཕཱ་ལེ་སི་ཐན་རྒྱལ་ཁབ་དངོས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བར་རྒྱབ་སྐྱོར་བྱེད་པ་ཡིན་ལ། གཞི་ཁྱོན་སྔར་ལས་ཆེ་བ་དང་དབང་གྲགས་སྔར་ལས་ཆེ་བ། ཕན་ནུས་སྔར་ལས་ཆེ་བ་བཅས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་འཚོགས་རྒྱུར་རྒྱབ་སྐྱོར་བྱེད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཅཱ་ཧྲའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཐག་གཅོད་པ་དང་དམག་འཁྲུག་རྗེས་ཀྱི་བསྐྱར་སྐྲུན་ཐད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་མཇུག་མཐར་ཨ་རབ་ཀྱི་ཁ་དཔེར་གྲོགས་པོ་ནི་འཚོ་བའི་ཁྲོད་ཀྱི་ཉི་འོད་ཡིན་ཟེར་བ་ལྟར་དུ། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཨ་རབ་ཀྱི་གྲོགས་པོ་དང་མཉམ་དུ་ཀྲུང་གོ་དང་ཨ་རབ་ཀྱི་མཛའ་བརྩེའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མཐུན་སྒྲིལ་གྱིས་འབྱུང་འགྱུར་གསར་སྐྲུན་བྱས་ནས། ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ལམ་ཆེན་སྟེང་ཉི་འོད་ཀྱིས་ཁེངས་པར་བྱེད་རྒྱུ་ཡིན་ཞེས་བསྟན།

པཱ་རེན་གྱི་རྒྱལ་བོ་ཧ་མ་ཏི་དང་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི། ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏི། ཨ་རབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་བཅས་ཀྱིས་སོ་སོར་ཞུ་ཚིག་ཕུལ།

ཚའེ་ཆི་གོང་གསལ་བྱེད་སྒོར་ཞུགས།

ཝང་དབྱི་ཡིས་མགོ་རྩོམ་མཛད་སྒོར་མགོ་འཛིན་བྱས།

ཤ་བོ་རིན་མཚོས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།