ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏི་དང་གྲོས་མོལ་མཛད།
2024.05.31 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 26

ཟླ5པའི་ཚེས30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བར་མ་ཟད། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་གསུམ་པ་འགོ་རྩོམ་པའི་མཛད་སྒོར་ཞུགས་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏི་དང་གྲོས་མོལ་མཛད།

ཟླ5པའི་ཚེས30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བར་མ་ཟད། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་པ་འགོ་རྩོམ་པའི་མཛད་སྒོར་ཞུགས་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏི་དང་གྲོས་མོལ་མཛད། འདི་ནི་ཞི་ཅིན་ཕིང་གིས་མུའུ་ཧན་མོ་ཏི་ལ་ཕྱག་འཇུ་གནང་བའི་ཚུལ་རེད། 

ཞི་ཅིན་ཕིང་གིས་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ། ང་ཚོའི་སྣེ་ཁྲིད་འོག  ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ནས།  དུས་སྐབས་གསར་པའི་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་འབྲེལ་བའི་མིག་དཔེ་བསྟན་ཡོད། ད་ལོ་ནི་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་འབྲེལ་བ་བཙུགས་ནས་ལོ་བཞི་བཅུ་ལོན་པའི་ལོ་ཡིན་པ་དང་། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་བའི་ཐད་ཀྱི་སྔ་འཛིན་ཕྱི་གཏོད་དང་མ་འོངས་གསར་གཏོད་ཀྱི་འགག་གནད་གལ་ཆེན་ཞིག་ཀྱང་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་མཉམ་དུ་མུ་མཐུད་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱས་ཏེ།  རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་འགྲོ་བར་འགན་ལེན་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་རང་བཙན་རང་བདག་གི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། མཉམ་ལས་ལ་ཤུགས་སྣོན་པ། ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད།  ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་མཉམ་དུ་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བྱེད་པ། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དངུལ་གཏོང་མཉམ་ལས་མཐོ་རིམ་ཨུ་ཡོན་ལྷན་ཁང་འཛུགས་པ་གོ་སྐབས་སུ་བཟུང་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་སྐུལ་འདེད་གཏོང་བ་དང་།  ཉོ་ཚོང་དང་། ནུས་ཁུངས། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྲ་བརྟན་དུ་གཏོང་བ། ཆ་འཕྲིན་ལག་རྩལ་དང་། མིས་བཟོས་རིག་ནུས། གྲངས་འཛིན་དཔལ་འབྱོར། ནུས་ཁུངས་གསར་པ་སོགས་ལག་རྩལ་མཐོ་བའི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་པ་དང་། ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད།  ཅང་མ་འགོར་བའི་སྔོན་ལ་ངས་ཆེད་དུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་སྦྱོང་བྱེད་མཁན་ལ་འཕྲིན་ལན་བསྐུར་ནས་ཁོ་ཚོར་རྒྱ་ཡིག་ལེགས་པོར་སྦྱོང་བ་དང་ཀྲུང་གོར་རྒྱུས་ལོན་བྱས་ཏེ། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མཛའ་མཐུན་ལ་ཡར་སྐུལ་གཏོང་བར་ལེགས་སྐྱེས་འབུལ་དགོས་པའི་སྐུལ་ལྕག་བཏང་བ་ཡིན།  ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་སློབ་གྲྭ་བརྒྱ་ཡིས་རྒྱ་ཡིག་ཁྲིད་པའི་ལས་གཞིར་རྒྱབ་སྐྱོར་བྱེད་པ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཀྲུང་གོའི་རིག་གནས་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་དང་།  བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ།  ཕན་ཚུན་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་སྣེ་མང་ཅན་དུ་འགྱུར་བའི་འཕེལ་ཕྱོགས་འགོག་ཐབས་བྲལ་ལ།  སྣེ་མང་ཅན་དུ་འགྱུར་བ་དེ་ངོ་བོའི་ཐོག་ནས་དཔལ་ཡོན་མི་འདྲ་བ་དང་ལམ་ལུགས་མི་འདྲ་བ། བགྲོད་ལམ་མི་འདྲ་བ་བཅས་ཀྱི་བར་ཕན་ཚུན་བརྩི་འཇོག་དང་།  ཞི་བདེ་མཉམ་གནས་བྱེད་དགོས་པ་རེད།  དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། འཛམ་གླིང་སྣེ་མང་ཅན་དུ་འགྱུར་བའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་དང་རྒྱལ་ཁབ་ཀྱིས་མུ་མཐུད་དུ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དེ་མཐུན་སྒྲིལ་རང་སྟོབས་དང་། ཞི་བདེ་མཐུན་འགྲིག་ཡོང་བའི་བགྲོད་ལམ་དུ་བློ་རྩ་བརྟན་པོས་བསྐྱོད་པ་དང་།  གྲོས་མོལ་དང་འགལ་བ་སེལ་བ་རྒྱུན་འཁྱོངས་བྱས་ནས། མདུན་ལམ་དང་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།  ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་སོགས་ཨ་རབ་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ཏེ། སྐབས་གཉིས་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་ལེགས་པོར་སྒྲུབ་ནས། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པར་སྐུལ་འདེད་གཏོང་འདོད་ཡོད་ལ།  ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་དང་ཕྱོགས་མང་མཉམ་ལས་རྒྱ་བསྐྱེད་དེ། འཛམ་གླིང་གི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད།

མུའུ་ཧན་མོ་ཏི་ཡིས་བསྟན་དོན། ཡང་བསྐྱར་ངའི་ཕ་ཡུལ་གཉིས་པ་ཀྲུང་གོར་འཚམས་འདྲི་བྱེད་ཐུབ་པར་མ་ཟད་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་པར་ཞུགས་པར་ང་རང་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། ཨ་རབ་དང་མཚོ་ཁུགས་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་འབྲེལ་བར་རྨང་གཞི་བརྟན་པོ་ཡོད་ལ།  ཨ་རབ་དང་ཀྲུང་གོའི་བར་གྱི་འབྲེལ་བ་དང་མཚོ་ཁུགས་རྒྱལ་ཁབ་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཨ་རབ་རྒྱལ་ཁབ་དང་མཚོ་ཁུགས་རྒྱལ་ཁབ་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་དང་རྩ་བའི་ཁེ་ཕན་དང་མཐུན་པས། ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ།  ཨ་རབ་དང་ཀྲུང་གོའི་བར་གྱི་འབྲེལ་བ་དང་། མཚོ་ཁུགས་དང་ཀྲུང་གོའི་བར་གྱི་འབྲེལ་བས་སྔར་ལས་བཟང་བའི་སྒོས་ནས་ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད།

མུའུ་ཧན་མོ་ཏི་ཡིས་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་དང་ཀྲུང་གོའི་བར་གྱི་འབྲེལ་བ་དེ་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་བརྩི་འཇོག ཐུན་མོང་གི་ཁེ་ཕན་བཅས་ཀྱི་རྨང་གཞིའི་སྟེང་དུ་བཙུགས་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་དེ་ཐུན་མོང་མ་ཡིན་པའི་ཆུ་ཚད་ལ་སླེབས་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱས་ཏེ།  ཀྲུང་གོ་ཕྱི་འབྲེལ་གྱི་ཆེས་ཐོག་མའི་གོ་གནས་སུ་བཞག་ནས།  ཀྲུང་གོ་ཡུན་རིང་བློ་གཏད་ཆོག་པའི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོར་བརྩི་བ་དང་།   རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར40 ལོན་པར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བརྩིས་ནས། དཔལ་འབྱོར་ཉོ་ཚོང་དང་། མ་དངུལ་གཏོང་བ།  ནུས་ཁུངས། ཚན་རྩལ། སློབ་གསོ།  སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱས་ཏེ།  རྣམ་པ་གང་རུང་གི་ཐའེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་རྒྱུ་ཡིན་པ་དང་། ཀྲུང་གོས་རྒྱལ་ཁབ་གཅིག་གྱུར་ཡོང་བར་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།  ཨ་རབ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་གཞི་དང་བདེ་འཇགས་ཀྱི་གྲོས་གཞི། འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་གཞི་བཅས་ལ་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་ཆེན་པོ་བྱས་ཏེ།  རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་མུ་མཐུད་དུ་ཧུར་ཐག་གིས་ཞུགས་པ་དང་།  ཀྲུང་གོ་ཕྱོགས་དང་ཕྱོགས་མང་འབྲེལ་འདྲིས་དང་མཉམ་ལས་དམ་ཟབ་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་། འཕེལ་རྒྱས། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཆེན་པོ་བྱེད་འདོད་ཡོད།

ཕྱོགས་གཉིས་ཀྱིས་ད་དུང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་གཏུག་གནད་དོན་ཐད་དགོངས་འཆར་བརྗེ་རེས་མཛད།  ཞིས་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  མིག་སྔའི་ལས་འགན་གཙོ་བོ་ནི་ཕྱོགས་ཡོངས་ནས་དམག་འཐབ་མཚམས་བཞག་ཏེ།  མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་ལྷོད་དུ་གཏོང་རྒྱུ་དེ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕཱ་ལེ་སི་ཐན་གྱི་གནད་དོན་དེ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ཞེས་པའི་རྨང་གཞིའི་ཐོག་སྔ་མོ་ནས་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་གཉིས་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་ཐད་ལངས་ཕྱོགས་གཅིག་མཐུན་ཡོང་བར་མཉམ་དུ་འབད་བརྩོན་བྱས་ནས། ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་དང་། དྲང་གཞག ཡུན་རིང་བཅས་ཀྱི་སྒོ་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས།

གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མ་དངུལ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན།  ཚན་རྩལ།   ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པ་བེད་སྤྱོད། རྒྱ་ཡིག་སློབ་གསོ། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་མང་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པར་མཉམ་དུ་བདེན་དཔང་གནང་།

གྲོས་མོལ་མ་མཛད་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་མུའུ་ཧན་མོ་ཏི་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་འདུད་མེ་སྒྱོགས21གྲགས་ཤིང་། གུས་འདུད་རུ་ཁག་གིས་གུས་འདུད་ཞུས།  རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་།  དམག་མིའི་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། མུའུ་ཧན་མོ་ཏི་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བར་མ་ཟད་ དམག་མིའི་རུ་སྟར་རྣམ་པར་གཟིགས་པ་རེད།

ཉིན་དེའི་དགོང་མོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་མུའུ་ཧན་མོ་ཏི་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།

ཝང་དབྱི་གོང་གི་བྱེད་སྒོར་ཞུགས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།