ཟླ5པའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཨ་རབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ལ་ཐུག་འཕྲད་བྱས།
ཟླ5པའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཨ་རབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ལ་ཐུག་འཕྲད་བྱས།
ཧན་ཀྲིན་གྱིས་བཤད་རྒྱུར། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཛའ་བརྩེའི་འབྲེལ་བའི་རྒྱུན་ཐག་ནམ་ཡང་ཆད་པ་མེད་ལ། ཀྲུང་གོ་དང་ཨ་རབ་ཀྱི་དཔལ་ཡོན་ཆེན་པོ་གཉིས་ཀྱི་གཟི་འོད་ཕྱོགས་གཉིས་སུ་འཕྲོས་ཡོད། ད་ལོ་ནི་ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་ཉི་ཤུ་འཁོར་བའི་ལོ་ཡིན་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་བཅུ་པའི་མགོ་རྩོམ་མཛད་སྒོར་ཞུགས་ཏེ་གཙོ་དོན་གསུང་བཤད་གནང་བ་དེས། ཀྲུང་གོས་ཀྲུང་གོ་དང་ཨ་རབ་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་གདེང་འཇོག་བྱེད་པ་དང་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བའི་ཆུ་ཚད་མཐོན་པོར་ཧ་ཅང་མཐོང་ཆེན་བྱེད་པ་མཚོན་ཡོད། ཀྲུང་གོ་ཕྱོགས་ཨ་རབ་རྒྱལ་ཁབ་དང་མཉམ་དུ་ཕྱོགས་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་འདུ་ཤེས་གལ་ཆེན་དང་ཀྲུང་གོ་དང་ཨ་རབ་ཀྱི་རྩེ་ཚོགས་ཐོག་མའི་གྲུབ་འབྲས་དངོས་འབེབས་བཟང་པོ་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་། ཆུ་ཚད་མཐོ་བའི་དངོས་གཉེར་མཉམ་ལས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་མཉམ་ལ་ཤུགས་སྣོན་པ། ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་རྒྱུར་འཐད་པ་ཡིན་ཞེས་བཤད།
ཀའེ་ཐི་ཡིས་བཤད་རྒྱུར། ཨ་རབ་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་ཨ་རབ་རྒྱལ་ཁབ་ལ་རྒྱབ་སྐྱོར་ནུས་ལྡན་བྱས་པར་བཀའ་དྲིན་ཆེ་ཞུས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་གཞི་གལ་ཆེན་རབ་དང་རིམ་པར་ཚད་མཐོའི་བསྟོད་བསྔགས་བྱེད་བཞིན་ཡོད། ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་སྒོས་བརྟན་སྲུང་བྱེད་རྒྱུ་མ་ཟད། ཐེངས་འདིའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་གོ་སྐབས་སུ་བརྩིས་ནས་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུར་འཐད་པ་ཡིན་ཞེས་བཤད།
ཤ་བོ་རིན་མཚོས་བསྒྱུར།