ཟླ5པའི་ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཡོང་བ་དང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པའི་ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏི་དང་གྲོས་མོལ་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཐུ་ནི་སིའི་བར་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་གནང་།
ཟླ5པའི་ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བ་དང་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པར་ཡོང་བའི་ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏི་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་གྱི་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མའི་ཕྱི་རོལ་ཐང་ཆེན་དུ་སའེ་དབྱི་ཏི་ལ་དགའ་བསུ་ཞུ་བའི་རྣམ་པ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐུ་ནི་སི་ནི་གྲོགས་པོ་བཟང་པོ་དང་སྤུན་ཟླ་བཟང་པོ་ཡིན། འབྲེལ་བ་བཙུགས་ནས་ལོ60རིང་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོ་དང་ཐུ་ནི་སི་ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རེས་བྱས་པའི་གསོན་ཉམས་ལྡན་པའི་ལེའུ་བྲིས་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ན། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཞིང་ཐུན་མོང་གི་རེ་འདུན་དང་འཚམ་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐུ་ནི་སི་དང་མཉམ་དུ་སྲོལ་རྒྱུན་མཛའ་བརྩེ་རྒྱུན་སྲིང་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སྐུལ་འདེད་གཏོང་རྒྱུར་འཐད་པ་ཡིན། དེ་རིང་ངེད་གཉིས་ཀྱིས་ཀྲུང་གོ་དང་ཐུ་ནི་སིའི་བར་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་པ་དེས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་ཞིག་བསྐྲུན་ངེས་ཡིན།
ཟླ5པའི་ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བ་དང་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པར་ཡོང་བའི་ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏི་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་སའེ་དབྱི་ཏི་དང་ལྕམ་མོ་དབྱི་ཧྲི་ལཱ་ཧྥུའུ་གཉིས་དང་མཉམ་དུ་བསྐྱོན་པའི་པར་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཐུ་ནི་སི་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱེད་ཅིང་། ཐུ་ནི་སིས་རང་བཙན་རང་བདག་སྒོས་བཅོས་སྒྱུར་འཕེལ་རིམ་ལ་སྐུལ་འདེད་བཏང་ནས། ལས་དབང་རང་གི་ལག་ཏུ་དམ་པོར་འཛིན་པར་རྒྱབ་སྐྱོར་བྱེད་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐུ་ནི་སི་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐུན་གཏིང་ཟབ་ཏུ་གཏོང་བ། ནུས་ཁུངས་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་དང་། ལྗང་མདོག་འཕེལ་རྒྱས། ཆུའི་ཐོན་ཁུངས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་སྒུལ་ནུས་གསར་པ་གསོ་སྐྱོང་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་གྲུབ་འབྲས་གང་མང་ལེན་པར་སྐུལ་འདེད་གཏོང་རྒྱུ་མ་ཟད། ཐུ་ནི་སིའི་སྤུས་ལེགས་ཁྱད་ལྡན་གྱི་ཞིང་ཞོར་ཐོན་རྫས་སྔར་ལས་མང་པོ་ཀྲུང་གོའི་ཚོང་རར་འདྲེན་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཐུ་ནི་སི་ལ་ཆུ་ཚད་མཐོ་བའི་སྨན་བཅོས་རུ་ཁག་མངག་གཏོང་བྱེད་པ་དང་། ཐུ་ནི་སིའི་བར་སློབ་གསོ་དང་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས་མི་ཆོས་བརྗེ་རེས་དམ་ཟབ་བྱེད་རྒྱུར་འཐད་པ་ཡིན། ཕྱོགས་གཉིས་ཀྱིས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ། འདྲ་མཉམ་དང་གོ་རིམ་ཡོད་པའི་འཛམ་གླིང་སྣེ་མང་ཅན་དང་སྤྱི་ཕན་བཟོད་སྒོམ་གྱི་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་ཁྲིད་བྱས་ནས་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐུ་ནི་སི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་དང་། ཀྲུང་གོ་དང་ཧྥེ་གླིང་མཉམ་ལས་གླེང་སྟེགས་ཡག་པོར་སྤེལ་ནས། ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་ཆེད། ལག་གདང་མཉམ་སྦྲེལ་གྱིས་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཧྥེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་འཐད་པ་ཡིན་ཅེས་ནན་གྱིས་གསུངས།
ཟླ5པའི་ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བ་དང་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པར་ཡོང་བའི་ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏི་དང་གྲོས་མོལ་གནང་།
སའེ་དབྱི་ཏི་ཡིས་བཤད་རྒྱུར། ཐུ་ནི་སི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འགོར་བའི་མཚམས་འདིར་ཀྲུང་གོར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་བྱེད་ཐུབ་པ་དང་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་པའི་མགོ་རྩོམ་མཛད་སྒོར་ཞུགས་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཐུ་ནི་སི་དང་ཀྲུང་གོའི་བར་གྱི་མཛའ་བརྩེ་ཟབ་ཅིང་འདུ་ཤེས་གཅིག་མཐུན་ཡིན་པས། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཐུ་ནི་སི་རྒྱལ་ཁབ་ཀྱི་འཕེལ་རིམ་ཁྲོད་ཀྲུང་གོ་ཕྱོགས་ཀྱི་རྒྱབ་སྐྱོར་གང་མང་ཐོབ་ནས། འཕྲོད་བསྟེན་དང་འགྲིམ་འགྲུལ། ལྗང་མདོག་འཕེལ་རྒྱས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དམ་ཟབ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པའི་རེ་ལྟོས་བྱས་ཡོད། ཐུ་ནི་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་འགྱུར་བ་མེད་པར་ལག་བསྟར་བྱེད་ངེས་ཡིན་ལ། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཡོངས་སུ་གཅིག་གྱུར་མངོན་འགྱུར་བྱེད་པ་དང་སྲོག་ཤིང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཆེད་འབད་འབུངས་བྱེད་པར་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཐུ་ནི་སི་དང་ཨ་རབ་རྒྱལ་ཁབ་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་འདུ་ཤེས་ལ་བསྔགས་བརྗོད་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་བདེན་དོན་དྲང་གཞག་སྲུང་འཛིན་བྱས་པར་ཡི་རངས་བྱེད་བཞིན་ཡོད། རྒྱལ་ཁབ་གང་ཞིག་ཡིན་ཡང་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་ཞིག་འདེམ་པའི་དབང་ཆ་ཡོད། ཐུ་ནི་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་གི་གཙོ་འགན་ཁུར་ནས། མཐུན་སྒྲིལ་མཉམ་ལས་ཇེ་དམ་དང་། བཙན་དབང་རིང་ལུགས་དང་ཕྱོགས་ཁག་ཕན་ཚུན་ཁ་གཏད་དུ་ལངས་པར་ངོ་རྒོལ་བྱས་ནས། སྔར་ལས་འདྲ་མཉམ་མཛེས་སྡུག་གི་འཛམ་གླིང་ཞིག་བསྐྲུན་ཏེ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་འགྲོ་མིའི་ཐོབ་ཐང་དང་རང་དབང་ངོ་མ་ཉམས་སུ་མྱོང་ཐུབ་པར་བྱས་ནས། འཆམ་མཐུན་མཉམ་གནས་དང་ཞི་བདེ་མཉམ་རོལ། བདེ་འཇགས་དང་དར་རྒྱས་མངོན་འགྱུར་བྱེད་པར་འཐད་པ་ཡིན།
ཕྱོགས་གཉིས་ཀྱིས་ད་དུང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐད་ནས་དགོངས་ཚུལ་བརྗེ་རེས་མཛད། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་དང་ཨ་རབ་རྒྱལ་ཁབ་ཀྱིས་ལངས་ཕྱོགས་གཅིག་མཐུན་ཡོང་བར་བྱས་ནས། ཐུ་ནི་སི་སོགས་རྒྱ་ཆེའི་ཨ་རབ་རྒྱལ་ཁབ་དང་མཉམ་དུ། ཕ་ལེ་སི་ཐན་གྱི་གནད་དོན་དེ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་ཁྱོན་ཡོངས་དང་དྲང་གཞག ཡུན་རིང་བཅས་ཀྱི་སྒོ་ནས་ཐག་གཅོད་པར་སྐུལ་འདེད་གཏོང་རྒྱུར་འཐད་པ་ཡིན་ཞེས་ནན་གྱིས་གསུངས།
ཟླ5པའིཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བ་དང་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པར་ཡོང་བའི་ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏི་དང་གྲོས་མོལ་གནང་། འདི་ནི་ཞི་ཅིན་ཕིང་དང་སའེ་དབྱི་ཏི་ཡིས་ཕྱག་འཇུ་གནང་བའི་རྣམ་པ་རེད།
ཟླ5པའི་ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བ་དང་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པར་ཡོང་བའི་ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏི་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་གནང་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ལྗོང་མདོག་ཐཱན་ཉུང་འཕེལ་རྒྱས་དང་། དངུལ་གཏོང་སོགས་ཁྱབ་ཁོངས་ནས་མཉམ་ལས་ཡིག་ཆ་མང་པོ་འགོད་པར་མཉམ་དུ་བདེན་དཔང་གནང་བའི་རྣམ་པ་རེད།
གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་དང་དངུལ་གཏོང་སོགས་ཁྱབ་ཁོངས་ནས་ཕྱོགས་གཉིས་ཀྱིས་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་མཉམ་དུ་བདེན་དཔང་གནང་།
ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐུ་ནི་སི་སྤྱི་མཐུན་རྒྱལ་ཁབ་བར་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་པའི་མཉམ་འབྲེལ་གསལ་བསྒྲགས་སྤེལ།
ཟླ5པའི་ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བ་དང་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པར་ཡོང་བའི་ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏི་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་གྱི་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མའི་ཕྱི་རོལ་ཐང་ཆེན་དུ་སའེ་དབྱི་ཏི་ལ་དགའ་བསུའི་བྱེད་སྒོ་སྤེལ་བའི་རྣམ་པ་རེད།
ཟླ5པའི་ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བ་དང་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པར་ཡོང་བའི་ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏི་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་གྱི་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུའི་མཛད་སྒོ་བསྡུ་བའི་རྣམ་པ་རེད།
གྲོས་མོལ་གྱི་སྔོན་དུ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མའི་ཕྱི་རོལ་ཐང་ཆེན་དུ་སའེ་དབྱི་ཏི་དང་ལྕམ་མོ་དབྱི་ཧྲི་ལཱ་ཧྥུའུ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
ཟླ5པའི་ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བ་དང་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པར་ཡོང་བའི་ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏི་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་གྱི་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུའི་མཛད་སྒོ་བསྡུ་བའི་རྣམ་པ་རེད།
ཟླ5པའི་ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བ་དང་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཅུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པར་ཡོང་བའི་ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏི་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་གྱི་སྔོན་དུ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མའི་ཕྱི་རོལ་ཐང་ཆེན་དུ་སའེ་དབྱི་ཏི་དང་ལྕམ་མོ་དབྱི་ཧྲི་ལཱ་ཧྥུའུ་གཉིས་ལ་དགའ་བསུའི་མཛད་སྒོ་བསྡུ་བའི་རྣམ་པ་རེད།
སའེ་དབྱི་ཏི་སླེབས་མ་ཐག གུས་ཞབས་དམག་དཔུང་གིས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་པ་ན། དམག་མིའི་རམ་དཀྲོལ་རུ་ཁག་གིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་ལུགས་མེ་སྒྱོགས་ཐེངས21གྲགས། སའེ་དབྱི་ཏི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་ཕྲེང་བསྒྲིགས་རྣམ་པར་ཞིབ་གཟིགས་མཛད།
ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཁང་དུ་སའེ་དབྱི་ཏི་བཟའ་ཟླ་གཉིས་ལ་དགའ་བསུའི་གསོལ་སྟོན་བཤམས།
ཝང་དབྱི་གོང་གི་བྱེད་སྒོར་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།