ལིས་ཞི་ཡིས་སི་ཁྲོན་དུ་རྟོག་ཞིབ་མཛད།
2024.06.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ5པའི་ཚེས29ཉིན་ནས་ཟླ6པའི་ཚེས1ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་སི་ཁྲོན་དུ་རྟོག་ཞིབ་མཛད། ཁོང་གིས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་ཐད་ཀྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གཏན་ཕབ་གཉིས་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་པ། ཚད་གཞི་སྔར་ལས་མཐོ་ཞིང་བླང་བྱ་སྔར་ལས་གཟབ་ནན་གྱི་སྒོ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ཁག་དངོས་འབེབས་གཏིང་ཟབ་བྱས་ནས། སྒྲིག་བཤེར་ལྟ་ཞིབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ལེན་དགོས་ཞེས་ནན་གྱིས་བསྟན།

ལིས་ཞི་ལི་ཧྲན་གྲོང་ཁྱེར་མཱ་པེན་དབྱི་རིགས་རང་སྐྱོང་རྫོང་གི་ཞའོ་ཀུའུ་ཞི་སྡེ་བར་ཕེབས་ནས། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་བསམ་ཚུལ་བརྗེ་རེས་ཟབ་མོ་མཛད་དེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཐད་ཀྱི་བསམ་ཚུལ་ལ་ཉན། ཁོང་གིས་བསྟན་དོན། མང་ཚོགས་ཀྱི་ཉེ་འགྲམ་གྱི་སྤྱོད་ངན་དང་རུལ་སུངས་གནད་དོན་གཅིག་སྡུས་སྒོས་དག་ཐེར་བྱེད་པ་ནི། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་དང་ཏང་གི་སྲིད་འཛིན་གཞི་རྩ་བརྟན་པོར་འཛུགས་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་གོ་སྐབས་སུ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཏང་གི་མང་ཚོགས་སྒྲིག་ཁྲིམས་སྔར་ལས་དམ་པར་བྱེད་པ། སྒྲིག་བསྟར་ཁྲིམས་བསྟར་བྱེད་པ་དམངས་ཀྱི་ཆེད་ཡིན་པ་དང་། སྤྱོད་ཚུལ་ལེགས་སྒྱུར་དམངས་ཀྱི་ཆེད་ཡིན་པ་རྒྱུན་འཁྱོངས་བྱེད་པ། མགོ་མཇུག་བར་གསུམ་དུ་གཞི་གདངས་ནན་མོ་རྒྱུན་འཁྱོངས་བྱེད་པ། སྤྱོད་གཙང་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་པ་བཅས་བྱས་ནས། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་ཤིག་འབད་པས་བསྐྲུན་དགོས།

མཁའ་འགྲུལ་བཟོ་ལས་ཁྲིན་ཏུའུ་གནམ་གྲུ་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་ཁྲིན་ཏུའུ་གྲོང་ཁྱེར་ཉི་ཟླ་ལམ་ཆེན་ས་འོག་སྣ་འཛོམས་བར་ཁྱམས་སུ། ལིས་ཞི་ཡིས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་རྒྱལ་དོན་གྱི་ཆེ་ཕྱོགས་ལ་དམིགས་ཏེ་ཆབ་སྲིད་ལྟ་སྐུལ་དང་། སྤྱོད་གཙང་སྒྲིག་ནན། རུལ་སུངས་ལ་རྒོལ་བ་བཅས་ཤུགས་དྲག་ཏུ་བཏང་ནས། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་རོགས་ཤུགས་འདོན་དགོས་ཞེས་བསྟན། ལིས་ཞི་ད་དུང་ཁྲིན་ཏུའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་གསང་འཕྲིན་བཀོད་འདོམས་ལྟེ་གནས་དང་། ཧོང་ཝ་སྲང་ལམ་མངག་གཏོང་ཁང་དུ་སོང་སྟེ། དུས་རབས་གསར་པའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་ཕན་ནུས་ཇེ་མཐོར་གཏོང་བ། ཉེན་ཁ་དང་འགོག་རྐྱེན་ཕན་ནུས་ལྡན་པར་འགོག་སེལ་བྱས་ནས། སྤྱི་ཚོགས་སྤྱི་ཡོངས་ཀྱི་འཆམ་མཐུན་བརྟན་འཇགས་ལ་ཁག་ཐེག་བྱེད་དགོས་ཞེས་བསྟན།

རྟོག་ཞིབ་མཛད་སྐབས། ལིས་ཞི་ཡིས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད་པར་མ་ཟད། བསམ་ཚུལ་དང་གྲོས་གཞིར་ཉན། ཁོང་གིས་བསྟན་དོན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ད་ལོའི་ཏང་འཛུགས་བྱ་བའི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། ཏང་གི་སྒྲིག་ཁྲིམས་དཔུང་ཁག་ཡིན་པའི་ཆ་ནས། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་དཔེ་སྟོན་འདུ་ཤེས་འཛུགས་པ་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་སྐུལ་འདེད་སྔར་ལས་གཏིང་ཟབ་གཏོང་དགོས། ཉེན་བརྡའི་སློབ་གསོ་ཤུགས་དྲག་ཏུ་བཏང་སྟེ། དཔེ་གཞིས་སློབ་སྦྱོང་ལ་སྐུལ་བ་དང་། དཔེ་གཞིར་བརྟེན་ནས་སྒྲིག་ཁྲིམས་བཤད་པ་འབུར་དུ་ཐོན་པར་བྱེད་པ།  ལས་བྱེད་པའི་སྣེ་ཁྲིད་དེ་དཔེ་སྡུར་དབྱེ་ཞིབ་དང་། རང་གཅུན་ནན་མོ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། གུས་སྐྲག་ཡོད་པར་བྱེད་པ་དང་། ཚུལ་བཟང་སྲུང་འཛིན་བྱེད་པ་དེ་རང་རྟོགས་དང་ཉིན་རྒྱུན་དུ་འགྱུར་བར་བྱེད་དགོས། སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་གི་གཏན་འབེབས་དང་བླང་བྱ་སློབ་སྦྱོང་དང་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། སྒྲིག་ཁྲིམས་གཏན་འབེབས་ཀྱི་འགན་སྒྲུབ་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ་དང། ཏང་གི་སྒྲིག་ཁྲིམས་ཡང་དག་སྒོས་ལག་བསྟར་བྱས་ནས། སྒྲིག་ཁྲིམས་ཀྱི་ཟིལ་ཤུགས་དང་གཟབ་ནན་རང་བཞིན་ལ་དོན་དངོས་ཀྱིས་སྲུང་སྐྱོབ་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་གཏིང་ཟབ་བྱེད་པ་དང་ཕན་ཡོད་ཟུང་འབྲེལ་བྱས་ཏེ། གཟབ་ནན་གྱི་སྒྲིག་ཁྲིམས་ཀྱིས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བ་དོན་འཁྱོལ་ཡོང་བར་འགན་སྲུང་བྱས་ནས། གཞི་རིམ་ལས་འཛིན་ལས་གཏོད་བྱ་བར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།

ལིས་ཞི་ཡིས་ད་དུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་སི་ཁྲོན་དུ་ལས་ཁུར་སྦྱོར་བརྡར་བྱེད་པའི་རོགས་སྐྱོར་ལས་བྱེད་པར་འཚམས་འདྲི་མཛད་པར་མ་ཟད། གཞི་རིམ་ལས་བྱེད་པ་དང་བཞུགས་མོལ་མཛད། ཁོང་གིས་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། འགན་འཁྲིའི་འདུ་ཤེས་དང་འོས་འགན་འདུ་ཤེས་དངོས་གནས་ཇེ་དྲག་ཏུ་གཏོང་བ་དང་། དངོས་སྒྲུབ་ནན་འཛིན་བྱེད་པ། ཏང་ཀྲུང་དབྱང་གི་སྲིད་ཇུས་བཟང་པོ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ་བཅས་བྱས་ནས།  རོགས་སྐྱོར་གྲུབ་འབྲས་སྔར་ལས་སྲ་བརྟན་དང་ཕན་འབྲས་སྔར་ལས་རྒྱུན་མཐུད་ཐུབ་པར་བྱས་ཏེ། རྩ་འཛུགས་ཀྱི་མངག་བཅོལ་གལ་ཆེན་དང་མང་ཚོགས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང་ཞེས་ནན་བཤད་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།