ཟླ6པའི་ཚེས2ཉིན། རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཏུང་ཅུན་གྱིས་སྐབས21པའི་ཧྲང་ཀི་རེ་ལའི་གྲོས་མོལ་ཚོགས་འདུའི་སྟེང་དུ། “ཀྲུང་གོའི་འཛམ་གླིང་ཧྲིལ་པོའི་བདེ་འཇགས་ལྟ་བ”དཀྱིལ་སྙིང་དུ་བཟུང་ནས་ཚོགས་ཆེན་སྟེང་གཏམ་བཤད།
ཏུང་ཅུན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་། འཛམ་གླིང་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་བཏོན་ཡོད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མི་དམངས་ཀྱིས་སྔོན་ཆད་ནས་བཟུང་འཆམ་མཐུན་དོན་གཉེར་དང་ཞི་བདེར་དགའ་ཞེན། རང་བཙན་རང་བདག འབད་བརྩོན་ལྷོད་མེད། སོ་སྲུང་རོགས་རེས། སྐྱིད་སྡུག་མཉམ་མྱོང་བཅས་བྱེད་ཀྱིན་ཡོད། ང་ཚོས“ཨེ་ཤེ་ཡའི་བློ་གྲོས”བཀོལ་ཤེས་བྱས་ནས། ངོས་འཛིན་གཅིག་སྡུད་བྱས་ཏེ། མཐུན་པ་འཚོལ་བ་དང་མི་མཐུན་པ་སོར་འཇོག་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ། རྒྱལ་ཁབ་སོ་སོའི་ལུགས་མཐུན་ཀྱི་བདེ་འཇགས་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་དང་། དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་མཉམ་སྐྲུན་བྱེད་པ། ས་ཁུལ་གྱི་བདེ་འཇགས་སྒྲོམ་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྒོ་འབྱེད་དངོས་སྒྲུབ་དང་མཉམ་འགོག་མཉམ་སྲུང་ལ་སྐུལ་འདེད་གཏོང་བ། མཚོ་ཐོག་བདེ་འཇགས་མཉམ་ལས་ཀྱི་དཔེ་མཚོན་བསྐྲུན་པ། ཁྱབ་ཁོངས་གསར་པའི་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ནས། ས་ཁུལ་གྱི་བདེ་འཇགས་མཉམ་ལས་ཀྱི་རྣམ་པ་གསར་པ་འབད་པས་བསྐྲུན་འདོད་ཡོད་ཅེས་བསྟན།
ཏུང་ཅུན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་གཙོ་ཆེན་དུ་འཛིན་པ་དང་ཐུན་མོང་གི་བདེ་འཇགས་དོན་གཉེར་བྱེད་པ། འདྲ་མཉམ་བརྩི་འཇོག་གི་ལངས་ཕྱོགས་འཛིན་པ། སྒོ་དབྱེད་དཀྱེལ་ཡངས་ལ་མཐོང་ཆེན་བྱེད་པའི་དུས་མཚུངས་སུ། ཁེ་ཕན་གཙོ་བོར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཀྱིན་ཡོད། མིག་སྔར་ལྷོ་རྒྱ་མཚོའི་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡིན་པས། རྒྱལ་ཁབ་ཁ་ཤས་ཀྱིས་ཁེ་གྱོང་ལ་ངོས་འཛིན་གསལ་བོ་བྱས་ནས། ཕན་ཚུན་བར་གྲོས་མོལ་བྱེད་པའི་ཡང་དག་པའི་བགྲོད་ལམ་སྟེང་ཕྱིར་ལོག་བྱ་རྒྱུའི་རེ་བ་ཡོད། བཅིངས་འགྲོལ་དམག་གིས་དུས་ཐོག་ཏུ་བློ་ཐག་རྦད་ཆོད་དང་ནུས་ལྡན་གྱི་བྱ་སྤྱོད་སྤེལ་ནས།“ཐའེ་ཝན་རང་བཙན”ལ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། དེའི་ལྐོག་ཇུས་ནམ་ཡང་འགྲུབ་ཐུབ་མེད་པར་འགན་ལེན་བྱ་རྒྱུ་ཡིན་ཞེས་བསྟན།
ཏུང་ཅུན་ཧྲང་ཀི་རེ་ལའི་གྲོས་མོལ་ལ་ཞུགས་སྐབས། ཨ་མེ་རི་ཁ་དང་ཁཱ་ནཱ་ཏཱ། ཐེ་གོ། འཇར་པན། ཨོ་སི་ཁྲུ་ལི་ཡཱ། ཧྥ་རན་སི། ཁམ་ཕུ་ཁྲེ། ནེའུ་ཙི་ལན་སོགས་རྒྱལ་ཁབ་ཀྱི་རྒྱལ་སྲུང་སྡེ་ཁག་གི་འགོ་ཁྲིད་དང་། རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་བཅས་དང་གྲོས་མོལ་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།