ཟླ6པའི་ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝུན་ཆིན་གྱིས་པེ་ཅིང་དུ་ཐུར་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཧྥེ་ཏན་ལ་ཐུག་འཕྲད་བྱས།
ཁྲིན་ཝུན་ཆིན་གྱིས་ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཨེར་ཏའོ་ཨན་གཉིས་བར་དུ། ཀྲུང་གོ་དང་ཐུར་ཁེའི་འཐབ་ཇུས་མཉམ་ལས་འབྲེལ་བ་ཟབ་སྤེལ་གཏོང་བའི་ཐད་ནས་ཐུན་མོང་གི་ངོས་འཛིན་གསར་པ་གང་མང་བྱུང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ལ་འཆར་གཞི་གསར་པ་བཟོས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐུར་ཁེ་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་མཛུབ་སྟོན་དུ་བཟུང་ནས། ཕྱོགས་གཉིས་ཀྱི་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཐུར་ཁེ་བར་གྱི་འབྲེལ་བའི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་ཁེ་ཕན་ལ་སྲུང་སྐྱོང་སྔར་ལས་གང་ལེགས་བྱེད་པ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཞབས་འདེགས་ཞུ་བ། རྒྱལ་ཁབ་གཉིས་དང་ས་ཁུལ། ཐ་ན་འཛམ་གླིང་བཅས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་བསྟན།
ཧྥེ་ཏན་གྱིས་ཐུར་ཁེ་དང་ཀྲུང་གོའི་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།