ཟླ6པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་དང་ཐུར་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཧྥེ་ཏན་གཉིས་ཀྱིས་པེ་ཅིང་དུ་གྲོས་མོལ་བྱས།
ཝང་དབྱི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱི་འཐབ་ཇུས་སྣེ་སྟོན་འོག་ཏུ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་ནས། དེ་བསྟུན་གྱི་མདུན་ལམ་རྒྱ་ཆེན་པོ་བསྐྲུན་ཡོད། ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོའི་བདག་དབང་དང་བདེ་འཇགས། མངའ་ཁོངས་ཆ་ཚང་བཅས་དང་འབྲེལ་བ་ཡོད་པའི་ཁེ་ཕན་གཙོ་བོའི་ཐད་ནས། ཀྲུང་གོ་ཕྱོགས་ཀྱི་ལུགས་མཐུན་ལངས་ཕྱོགས་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྟོད་བསྔགས་བྱེད་ཀྱིན་ཡོད་ཅིང་། ཐུར་ཁེ་ཕྱོགས་དང་མཉམ་དུ། རིམ་པ་མང་བའི་འགྲོ་འོང་རྒྱུན་འཁྱོངས་བྱས་ནས། མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད་གཏོང་འདོད་ཡོད་ཅེས་བསྟན།
ཧྥེ་ཏན་གྱིས་ཐུར་ཁེ་སྲིད་གཞུང་གིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱེད་ཀྱིན་ཡོད། ཐུར་ཁེའི་མངའ་ཁོངས་སུ་སྟོབས་ཤུགས་གང་རུང་གིས་ཀྲུང་གོའི་བདག་དབང་དང་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་སྤེལ་མི་ཆོག ཐུར་ཁེ་ཕྱོགས་ཀྱིས་ཝུའུ་ཁི་ལན་དང་དབུས་ཤར་ས་ཁུལ་སོགས་ཀྱི་གནད་དོན་ཐད་ནས་ཀྲུང་གོ་ཕྱོགས་ཀྱིས་དྲང་གཞག་དྲང་བདེན་གྱི་ལངས་ཕྱོགས་བཟུང་བར་བསྟོད་བསྔགས་ཆེན་པོ་བྱེད་ཀྱིན་ཡོད་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།