སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པ་ཚེས4ཉིན་གྱི་སྔ་དྲོར་པེ་ཅིང་དུ་འཚོགས་ཤིང་། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་འཚོགས་མགོ་རྩོམ་པར་མགོ་འཛིན་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གདན་དྲངས་པ་ལྟར་གྲོས་ཚོགས་སུ་ཞུགས་པར་མ་ཟད་སྙན་ཞུ་ཕུལ།
ཝང་ཧུའུ་ཉིང་གིས་གྲོས་ཚོགས་མགོ་རྩོམ་པའི་གཏམ་བཤད་སྤེལ་སྐབས་བསྟན་དོན། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་བཏོན་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་ཡིན། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཙུགས་གྲུབ་མི་སྣས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱས་ནས། རང་འགན་གཙང་སྒྲུབ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་ཀྱི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པར་དམ་པོར་དམིགས་ནས་གྲོས་མོལ་སྲིད་གླེང་གཏིང་ཟབ་བྱེད་པ་དང་། ཐབས་འདོན་ཇུས་འབུལ་ལེགས་པོ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
ཏེན་ཞུའེ་ཞང་གིས་སྙན་ཞུའི་ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ཀྱི་ལྟ་བ་དང་མ་ལག་ལྡན་པའི་བསམ་གཞིགས་ཀྱིས་བཅོས་སྒྱུར་ལ་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་བཙུགས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ ཅན་ལ་སྒུལ་ཤུགས་ཆེན་པོ་དང་འགན་སྲུང་གལ་ཆེན་འདོན་སྤྲོད་བྱེད་དགོས། གཡོ་འགུལ་ མི་བྱེད་པ་གཉིས་རྒྱུན་འཁྱོངས་དང་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་ལ་དབང་བའི་མ་རྩ་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་སྟོབས་ལྡན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཁོར་ཡུག་བཟང་པོ་དང་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱེད་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། ཐོན་དབང་སྲུང་སྐྱོབ་དང་ཁྲོམ་རར་ཞུགས་འཐུས། དྲང་གཞག་འགྲན་རྩོད། སྤྱི་ཚོགས་ཡིད་རྟོན་སོགས་ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྲུན་བྱེད་དགོས། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཀྱི་འཐབ་ཇུས་ཀྱི་ཁྲིད་སྟོན་ནུས་པ་སྔར་ལས་འདོན་སྤེལ་ལེགས་པོ་བྱས་ཏེ། ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བྱེད་པ་དང་། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་སྔར་ལས་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ། ལམ་ལུགས་ཅན་གྱི་སྒོ་འབྱེད་སྔར་ལས་བརྟན་བརླིང་ངང་རྒྱ་བསྐྱེད་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་ཁྱད་སྟོབས་གསར་པ་གསོ་སྐྱོང་བྱེད་དགོས།
གྲོས་ཚོགས་སྟེང་རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་བསྒྱུར་བཀོད་དང་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ་དང་། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་བ། ཐོན་ལས་ལྗང་མདོག་དང་ཐཱན་ཉུང་གི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ། ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་མཉམ་ལས་དམ་ཟབ་བྱས་ཏེ་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཞུགས་པ། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་མཐོར་འདེགས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་སོགས་ཀྱི་བརྟག་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།
ཐེངས་འདིའི་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་འཚོགས་ཡུན་ཉིན་གཉིས་དང་ཕྱེད་ཀ་ཡིན་ཞིང་། སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཙུགས་གྲུབ་མི་སྣས་ཆེད་དོན་བདུན་ལ་དམིགས་ནས་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱེད་རྒྱུ་ཡིན་པ་མ་ཟད། བརྙན་ལམ་བརྒྱུད་ནས་ལེའོ་ཉིན་དང་། ཅང་སུའུ། ཅང་ཞིས་བཅས་ཀྱི་སྲིད་གྲོས་དང་འབྲེལ་ཡོད་ཆེད་དོན་ལ་དམིགས་ནས་མཉམ་འགུལ་གྲོས་མོལ་བྱེད་རྒྱུ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞོར་དུ་དྲུང་ཡིག་ཆེན་མོའི་འགན་འཁུར་བའི་ཝང་ཏུང་ཧྥུན་སོགས་ཀྱིས་སོ་སོར་འབྲེལ་ཡོད་གྲོས་གཞིར་གསལ་བཤད་དང་སྙན་ཞུ་ཕུལ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ། ཧྲིན་ཡེ་ཡེ། ཝང་ཡུང་། ཀྲིག་ཆང་། ཧི་ཧིག་ཧྭ། ལེང་ཀྲིན་དབྱིན། པཱ་ཐིར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲིན་ཝུའུ། མུའུ་ཧུང་། ཞན་ཧུའེ། ཅང་ཞིན་ཀྲི། ཅང་ཙུའོ་ཅུན། ཧི་པོ་ཞང་། ཝང་ཀོང་ཆན། ཆིན་པའོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན་བཅས་གྲོས་ཚོགས་སུ་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།