ཞི་ཅིན་ཕིང་གིས་འཁྱགས་གླིང་གི་གསར་དུ་བདམས་ཐོན་བྱུང་བའི་ཙུང་ཐུང་ཐའོ་མཱ་སི་ཏའོ་ཏིས་ཨར་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
2024.06.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ6པའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐའོ་མཱ་སི་ཏའོ་ཏིས་ཨར་ལ་གློག་འཕྲིན་བཏང་ནས། ཁོ་རང་འཁྱགས་གླིང་གི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུང་གོ་དང་འཁྱགས་གླིང་གི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ཕྱོགས་གཉིས་ཀའི་དཔལ་འབྱོར་ཚོང་དོན་དང་དངུལ་གཏོང་། ས་འོག་ཚ་ནུས་ལ་བརྟེན་ནས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ནས། དེ་བསྟུན་གྱི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད། ངས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མཐོང་ཆེན་གང་ལེགས་བྱེད་ཀྱིན་ཡོད། གསར་དུ་བདམས་ཐོན་བྱུང་བའི་ཙུང་ཐུང་ཐའོ་མཱ་སི་ཏའོ་ཏིས་ཨར་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་གཉིས་ཕན་མཉམ་ལས་རྒྱ་སྐྱེད་བཏང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།