ཟླ6པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བྱ་བའི་བཀོད་གཏོང་སྐུལ་སློང་གྲོས་ཚོ་གས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། གནད་དོན་ལ་ཁ་ཕྱོགས་པ་དང་གནད་དོན་གཙོར་བཟུང་ནས་ཞིབ་འཇུག་བྱེད་པ། གནད་དོན་ལ་དམིགས་ནས་ལེགས་བཅོས་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་སྔར་ལས་ཇེ་དམ་དུ་གཏོང་བ། སྒྲིག་ལམ་སྣ་ཚོགས་ཕྱོགས་ཡོངས་ནས་ཇེ་དམ་དུ་གཏོང་བར་སྣེ་ཁྲིད་བྱེད་པ། ལྟ་སྐུལ་སྒྲིག་བསྟར་ཇེ་དམ་ནས་ཇེ་དམ་དུ་གཏོང་བའི་བརྡ་དྲག་པོ་བཏང་སྟེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ནས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།
ཁྲིན་ཀང་གིས་བསྟན་དོན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། གནས་ཚུལ་དངོས་ལ་ཟུང་འབྲེལ་དམ་ཟབ་བྱས་པ་དང་། ལག་བསྟར་ལ་སྐུལ་འདེད་བཏང་བས། མྱུར་དུ་འགུལ་སྐྱོད་བྱེད་པ་དང་རྩ་འཛུགས་ཤུགས་དང་ལྡན་པ། གོ་རིམ་ལྡན་པ་བཅས་ཀྱི་རྣམ་པ་བཟང་བོ་མངོན་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་ངེས་ཤུགས་དང་སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ངེས་ཤུགས་བཅས་སྔར་ལས་ཇེ་དྲག་ཏུ་སོང་ཡོད།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། མིག་སྔར། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་དུས་ཚོད་ལས་འགན་ཕྱེད་ཀ་བརྒལ་བའི་གནད་འགག་གི་དུས་རིམ་དུ་སླེབས་ཡོད། ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པ་དང་སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པོ་ཡིན་པ། སྒྲིག་ཁྲིམས་བརྟན་སྲུང་བྱེད་པར་མུ་མཐུད་དུ་སློབ་གསོ་སྣེ་ཁྲིད་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་ཕྱོགས་ཡོངས་ནས་སློབ་སྦྱོང་ཟབ་མོ་བྱེད་རྒྱུ་དེ་ཏང་ཡོན་རེ་རེ་དང་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཡོངས་འགྲུབ་བྱེད་དགོས་པའི་ཆབ་སྲིད་ཀྱི་ལས་འགན་དུ་བརྩི་བ། སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་སྲོལ་གྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་གཙོ་གནད་བྱ་བ་སྤེལ་བ་གཉིས་ཟུང་འབྲེལ་དམ་པོ་བྱེད་པ། ཏང་གི་སྒྲིག་ཁྲིམས་བརྩི་སྲུང་བྱེད་རྒྱུ་དེ་བྱ་བ་དང་འཚོ་བའི་ཁྲོད་ཁྱབ་པར་བྱེད་པ། སྒྲིག་ཁྲིམས་སྣ་དྲུག་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་སུ་བསྒྱུར་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱེད་ཐབས་སྣ་ཚོགས་དེ་དཀྱིལ་སྙིང་བྱ་བར་སྐུལ་འདེད་གཏོང་བའི་ཕན་ལྡན་བྱེད་ཐབས་སུ་འགྱུར་བར་བྱེད་དགོས། སློབ་སྦྱོང་སྟེང་མུ་མཐུད་དུ་ཤུགས་འདོན་པ་དང་ཉེན་བརྡའི་སློབ་གསོའི་སྟེང་བྱེད་ཐབས་བཟང་བོ་སྤྱོད་པ། གསོ་སྦྱོང་འགྲེལ་ཀློག་ཐད་ནས་འཇོན་ཐང་མངོན་པ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་སྟེང་གྲུབ་འབྲས་ལེན་པ། སྦྱངས་སྤྱོད་ཟུང་འབྲེལ་བྱེད་པའི་ཐད་ནས་ཕན་འབྲས་བརྩོན་ལེན་བྱེད་པ། སྲོལ་ཡིག་སློབ་སྦྱོང་བྱེད་རྒྱུ་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། རྣམ་པ་མང་བའི་ཉེན་བརྡའི་སློབ་གསོ་སྤེལ་བ། མི་ཚོགས་དང་ཁྱབ་ཁོངས་བགོས་ནས་རིམ་པ་མི་འདྲ་བ་དང་རིགས་མི་འདྲ་བའི་གསོ་སྦྱོང་སྤེལ་བ། ལམ་ལུགས་གཏན་འབེབས་དང་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱིས་ཧ་ཅང་དོ་ཁུར་བྱེད་པའི་འབུར་ཐོན་གནད་དོན་སྐོར་ཞིག་ཐག་གཅོད་དགོས། འགན་འཁྲི་ཕྱོགས་ཡོངས་ནས་གཏན་ཁེལ་བྱེད་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ལས་གཅིག་འགན་གཉིས་ལག་བསྟར་ནན་མོ་བྱས་ནས། གནད་འགག་གྲངས་ཉུང་གི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་སྒྲིག་ཁྲིམས་ཞིབ་བཤེར་ཚན་ཆུང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། རིམ་པ་སོ་སོའི་བྱ་བའི་ཆེད་དོན་ཚན་ཁག་གིས་སྟོབས་ཤུགས་དང་གོ་རིམ་ལྡན་པའི་སྒོ་ནས་དུས་རིམ་རང་བཞིན་གྱི་བཀོད་གཏོང་དང་མ་ལག་རང་བཞིན་གྱི་མཛུབ་སྟོན་སྤེལ་དགོས། སྡེ་ཁག་སོ་སོས་ཉམས་ཞན་ས་དང་གནད་འགག་ཁྱབ་ཁོངས་ལ་ཁ་ཕྱོགས་ནས་མཉམ་འཛིན་མཉམ་སྡོམ་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་ཡུལ་བབ་དང་བསྟུན་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་སྒྲིག་སྲོལ་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་དག་བཅོས་བྱེད་པར་སྣེ་ཁྲིད་བྱེད་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིའུ་མེ་ཕེན་གྱིས་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཏུང་ཡན་ལག་ཚོགས་ར་ནས་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ཏུ། ཟི་ལིང་གྲོང་ཁྱེར་དང་ཡུས་ཧྲུའུ་ཁུལ། མགོ་ལོག་ཁུལ་རྨ་ཆེན་རྫོང་། མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུའུ་ཧྲི་ཧུའེ་ཡོ་ཡུལ་ཚོ། རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་ཧོར་ནག་ཡུལ་ཚོ་རུ་ཞོལ་མ་སྡེ་བ། མཚོ་བྱང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་མངག་སྡོད་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་བདུན་པ། མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཞིབ་དཔྱོད་ཁང་། ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཀྲི་པུའུ་་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ།
གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས།
རིན་ཆེན་མཚོས་བསྒྱུར།