ཟླ6པའི་ཚེས6ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་འགོ་ཁྲིད་ལས་བྱེད་པ6གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེར་འགལ་བའི་གནད་དོན་གྱི་གྱོད་གཞིས་དག་ཐེར་ལེགས་བཅོས་ལ་སྐུལ་བའི་བྱ་བའི་གྲུབ་འབྲས་ལ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གཟབ་ནན་གཙིགས་སུ་འཛིན་པ་དང་། ཕྱོགས་ཡོངས་ནས་གཟབ་ནན་བྱེད་པ། མགོ་མཇུག་བར་གསུམ་དུ་གཟབ་ནན་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། གནད་དོན་ལ་ཐད་ཀར་གདོང་གཏོད་ཕོད་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་ནུས་པ་ཇེ་ཆེར་གཏོང་བ། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་ནན་མོ་བྱས་ཏེ། གྱོད་གཞིས་དག་ཐེར་ལེགས་བཅོས་ལ་སྐུལ་བའི་ཆེད་དོན་སློབ་གསོའི་ལེགས་བཅོས་རྒྱུན་རྣམ་ཅན་དང་ཡུན་རིང་ཅན་དུ་སྐུལ་འདེད་གཏོང་དགོས།
ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་ཁྲིན་ཀང་གིས་སློབ་གྲྭའི་སློབ་ཁྲིད་གསོ་སྦྱོང་དང་། སློབ་མ་དོ་དམ། འཚོ་བ་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས་ཏེ། དགེ་བཟོ་པ་ཚོར་སློབ་ཁྲིད་གསོ་སྦྱོང་ཁྲོད་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ནུས་པ་གསོ་སྐྱོང་ལ་མཐོང་ཆེན་བྱེད་པ། སློབ་མའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་སློབ་ཚན་གྱི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་གསོ་སྦྱོང་གི་ཕན་འབྲས་ཇེ་ཆེར་གཏོང་དགོས་པའི་ཁ་ཏ་བྱས། སློབ་གྲྭའི་གྱོད་གཞིས་དག་ཐེར་ལེགས་བཅོས་ལ་སྐུལ་བའི་བྱ་བའི་འཕེལ་རིམ་གནས་ཚུལ་ལ་ཉན་རྗེས། ཁྲིན་ཀང་གིས་ཟ་འཐུང་གི་གནད་དོན་དེ་ཏང་གི་སྤྱོད་ཚུལ་དང་སྣང་བརྙན་ལ་འབྲེལ་བ་ཡོད་པ་དང་། ཏང་གི་སློབ་གྲྭ་ནི་རིམ་པ་སོ་སོའི་ལས་བྱེད་པས་ཏང་གཤིས་སྦྱོང་བརྡར་བྱེད་པའི་རྟེན་གཞི་གལ་ཆེན་ཞིག་ཡིན་པས་སྒྲིག་སྲོལ་བརྩི་སྲུང་བྱེད་པའི་ཐད་ལྷོད་གཡེང་མེད་པར་བྱས་ཏེ། ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས་པའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་བྱས། “ལས་བྱེད་པས་ལས་ལ་འབད་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི”བྱ་བའི་བླང་བྱ་ལག་ལེན་ནན་མོ་བྱས་ཏེ། “མི་བཟང་རིང་ལུགས”ཀྱི་བསམ་བློ་དོར་ནས། “སྤྱོད་ངན་བཞི”རྒྱུན་མཐུད་ངང་གཏིང་ཟབ་ངང་ཡོ་བསྲང་བྱས་ནས་སློབ་གྲྭར་དོ་དམ་ཡག་པོ་བྱས་ཏེ་ཕན་འབྲས་ཐོན་པར་བྱེད་དགོས། དར་ཆ་གསལ་པོར་སྒྲེང་ནས་དར་སྲོལ་ངན་པ་དང་སྣང་ཚུལ་ངན་པ་དང་འཐབ་རྩོད་བྱས་ཏེ། འགན་འཁྲི་རིམ་པ་རེ་རེ་བཞིན་དཀྲི་བ་དང་གནོན་ཤུགས་རིམ་པ་རེ་རེ་བཞིན་སྤྲད་ནས་གཟབ་ནན་གྱི་དགོངས་གཞི་དང་། གཟབ་ནན་གྱི་བྱེད་ཐབས་དང་གཟབ་ནན་གྱི་རྣམ་པ་བཅས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས།
ཟི་ལིང་སྲིད་དོན་གཙང་སྐྱོང་སློབ་གསོ་ལྟེ་གནས་སུ། ཁྲིན་ཀང་གིས་ལས་ཡུལ་དང་པོའི་ལས་དོན་པར་འཚམས་འདྲི་བྱས་ལ། གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། སྤྱོད་ངན་དང་རུལ་སུངས་ལ་མཉམ་དུ་ཞིབ་བཤེར་བྱེད་པའི་བྱ་བ་སྒྲུབ་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཉན། ཁོས་ནན་གྱིས་བསྟན་དོན། ཏང་གི་སྒྲིག་ཁྲིམས་མདུན་དུ་དམིགས་བསལ་གྱི་ཏང་ཡོན་མེད། གྱོད་གཞིས་དག་ཐེར་ལེགས་བཅོས་ལ་སྐུལ་བའི་ཆེད་དོན་སློབ་གསོ་བཅོས་སྒྲིག་དེས་ཞིང་ཆེན་ཡོངས་སུ་ཟིལ་ཤུགས་ནུས་ལྡན་ཞིག་ཆགས་ཡོད་མོད། འོན་ཀྱང་སྒྲིག་འགལ་ཟ་འཐུང་སོགས་རྙོག་འཛིང་རང་བཞིན་དང་། དཀའ་ཚེགས་རང་བཞིན། ཡུན་རིང་རང་བཞིན་བཅས་ལ་ངོས་འཛིན་གསལ་པོ་བྱས་ཏེ་མི་ལ་ཕོག་ཐུག་གཏོང་བར་མི་སྐྲག་པ་དང་། གང་བྱུང་དུ་གཏམ་གླེང་བྱེད་པར་མི་སྐྲག་པ། ཞྭ་མོ་གྱོན་པར་མི་སྐྲག་པའི་བློ་སྟོབས་དང་ཆོད་སེམས་ལ་བརྟེན་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་འགོག་ར་བརྟན་པོ་ཞིག་བསྐྲུན་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་གིས་ཡག་པོར་སྒྲུབ་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ། སྤྱོད་ཚུལ་གནད་དོན་གྱི་མཚོན་ཚུལ་གསར་པ་དང་གནས་ཚུལ་གསར་པར་དབྱེ་ཞིབ་ཞིབ་འཇུག་བྱེད་པ་དང་བརྡར་གཅོད་ནན་མོ་བྱས་ཏེ་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་འགན་དབང་སྤྱོད་པ། གྱོད་གཞི་ཐག་གཅོད་ཀྱི་བདེ་འཇགས་སྲོག་རྩ་དམ་པོར་སྲུང་དགོས། ད་ལྟ་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་ལྟ་སྐུལ་ཐེར་འདོན་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། སྤྱོད་ངན་དང་རུལ་སུངས་ལ་མཉམ་དུ་ཞིབ་བཤེར་དང་མཉམ་དུ་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ། གྱོད་གཞིས་དག་ཐེར་ལེགས་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྒྲིག་འགལ་ཁྲིམས་འགལ་རྒྱབ་ཀྱི་འགན་འཁྲི་དང་སྤྱོད་སྟངས། རུལ་སུངས་སོགས་ཀྱི་གནད་དོན་ཞིབ་སྔོག་ཞིབ་བཤེར་བྱས་ཏེ། སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་མཚམས་ནམ་ཡང་མི་འཇོག་པ་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་ལྷོད་གཡེང་གཏན་ནས་མེད་པ་བྱ་དགོས།
ལིའུ་མེ་ཕིན་དང་ཀྲའོ་ཡུའེ་ཞ་གྲོས་ཚོགས་སུ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།