ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་ཚེས་དྲུག་ཉིན་པེ་ཅིང་ནས་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ཆེད་མངགས་ཕོ་ཉ། ཕྱི་འབྲེལ་པུའུ་ཀྲང་ལའོ་ཏི་ལེ་ཀི་སི་དང་གྲོས་མོལ་བྱས།
ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོས་ཁུ་པཱས་བདེན་ལུགས་རྒྱུན་འཁྱོངས་བྱས་པ་དང་བཙན་དབང་ལ་མི་སྐྲག་པར། ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་པར་གདེང་འཇོག་མཐོན་པོ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པས་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོང་་དང་ཕྱི་ཡོང་ཐེ་གཏོགས་ལ་ངོ་རྒོལ་བྱས་པ་དང་། ཨ་མེ་རུ་ཁས་ཁུ་པཱར་ལུགས་མེད་བཀག་སྡོམ་བྱས་པར་ངོ་རྒོལ་བྱས་པར་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད་ལ། ཀྲུང་གོས་ཁུ་པ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་དབུ་གཙོའི་ཐུན་མོང་གི་ལྟ་བ་ལག་བསྟར་བྱེད་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་དམིགས་བསལ་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་ཞི་བདེ་ལ་སྲུང་སྐྱོང་བྱེད་ཆེད་བྱས་རྗེས་འཇོག་འདོད་ཡོད།
ལའོ་ཏི་ལེ་ཀི་སི་ཡིས། ཀྲུང་གོ་ཕྱོགས་ཀྱིས་ཁུ་པས་ཨ་མེ་རུ་ཁའི་ལུགས་མེད་བཀག་སྡོམ་དང་ཐེ་གཏོགས་ལ་ངོ་རྒོལ་བྱེད་པ་དང་། དཔལ་འབྱོར་འཁོར་རྒྱུག་ཐད་ཀྱི་གནས་སྐབས་ཀྱི་དཀའ་ཁག་ཁྱད་སེལ་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ། བློ་བརྟན་འགྱུར་མེད་ཀྱིས་ཁུ་པཱ་དང་ཀྲུང་གོའི་མཛའ་མཐུན་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་དུ་བརྟན་སྲུང་བྱེད་རྒྱུ་ཡིན་ཟེར།