ཀྲའོ་ལི་ཅི་ཡིས་ཕ་ཁི་སི་ཐན་གྱི་ཙུང་ལི་ལ་མཇལ་འཕྲད་གནང་།
2024.06.07 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 12

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས7ཉིན་པེ་ཅིང་དུ་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚི་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས7ཉིན་པེ་ཅིང་དུ་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚི་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཕ་ཁི་སི་ཐན་གཉིས་ནི་འཐབ་ཇུས་མཉམ་ལས་ཟླ་གྲོགས་དང་གྲོགས་པོ་བཟང་པོ་ཡིན། འབྲེལ་བ་བཙུགས་ནས་ལོ70ལྷག་ཙམ་འགོར་བའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་ཡིད་ཆེས་དང་མཛའ་བརྩེ་ཐོག་མཐའ་བར་གསུམ་དུ་སྲ་ཞིང་བརྟན་པས་རྒྱལ་ཁབ་དང་རྒྱལ་ཁབ་བར་མཛའ་མཐུན་མཉམ་གནས་བྱེད་པའི་དཔེ་མཚོན་ཞིག་རེད་ཅེས་བརྗོད་ཆོག ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་དང་། ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ། ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་མགྱོགས་མྱུར་ངང་འཛུགས་རྒྱུར་བྱས་རྗེས་འཇོག་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཕ་ཁི་སི་ཐན་གྱི་གྲོས་ཚོགས་དང་མཛའ་མཐུན་འགྲོ་འོང་བྱེད་ཤུགས་ཇེ་ཆེར་བཏང་ནས་དངོས་སྒྲུབ་མཉམ་ལས་ལ་བཅའ་ཁྲིམས་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་མང་རྩ་འཛུགས་ཁྲོད་ཀྱི་འབྲེལ་འདྲིས་ལ་ཤུགས་བསྣན་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་གསུངས།

ཞ་པ་ཚི་ཡིས་བསྟན་དོན། ཕ་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བ་འགྱུར་མེད་སྲ་བརྟན་ཡིན། ཕ་ཁི་སི་ཐན་ཕྱོགས་ཀྱིས་ ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འདུ་ཤེས་གལ་ཆེན་གྱི་གྲོས་འགོར་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱེད་པ། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཞུའེ་ཁི་ལའེ་ཐིས་ཀྲ་ཁི་ཨར་མཇལ་འཕྲད་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།