ཝང་ཧུའུ་ཉིང་གིས་ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་གནང་།
2024.06.07 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས7ཉིན་པེ་ཅིང་དུ་ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་པུའུ་ཀྲང་ཞི་ཨར་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས7ཉིན་པེ་ཅིང་དུ་ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་པུའུ་ཀྲང་ཞི་ཨར་ལ་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ན་ནིང་ཟླ9པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མཱ་ཏུའུ་ལུའོ་ཡིས་མཉམ་དུ་ཀྲུང་གོ་དང་ཝེ་ནེ་ཙུའེ་ལཱའི་འབྲེལ་བ་དེ་འཐབ་ཇུས་རོགས་རེས་འབྲེལ་བར་མཐོར་འདེགས་གཏོང་རྒྱུ་ཁྱབ་བསྒྲགས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་སླེབས་པར་སྣེ་ཁྲིད་བྱས། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལཱ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཝེ་ནེ་ཙུའེ་ལཱའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་འགོ་འཛུགས་ས་གསར་པར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དེ་ཀྲུང་གོ་དང་ཝེ་ནེ་ཙུའེ་ལཱའི་བར་གྱི་མཛའ་མཐུན་རྒྱུན་མཐུད་བྱེད་པའི་བྱ་སྤྱོད་དངོས་སུ་བསྒྱུར་ནས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལཱཅི་བར་གྱི་འབྲེལ་བའི་སྔར་ལས་མཛེས་སྡུག་ལྡན་པའི་རྗེས་ཕྱོགས་ཀྱིལོ50མཉམ་དུ་གཏོད་འདོད་ཡོད་ལ། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལཱའི་བར་མཉམ་ལས་བྱེད་པར་ཁོར་ཡུག་བཟང་པོ་བསྐྲུན་ནས་དྲང་ཕྱོགས་ཀྱི་ནུས་ཤུགས་སྔར་ལས་མང་པོ་གཅིག་སྡུད་བྱེད་འདོད་ཡོད་ཅེས་གསུངས།

ཞི་ཨར་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་མཛུབ་ཁྲིད་འོག་ཝེ་ནེ་ཙུའེ་ལཱ་དང་ཀྲུང་གོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ཝེ་ནེ་ཙུའེ་ལཱ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་པོའི་གྲོས་འགོ་གལ་ཆེན་རབ་དང་རིམ་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། མུ་མཐུད་དུ་ཀྲུང་གོའི་བློ་གཏད་ཆོག་པའི་གྲོགས་པོ་ཞིག་བྱ་རྒྱུ་ཡིན་ལ། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བརྟན་པོ་བྱས་ཏེ་ལག་གདང་སྦྲེལ་ནས་ཝེ་ནེ་ཙུའེ་ལཱ་དང་ཀྲུང་གོའི་འཐབ་ཇུས་རོགས་རེས་འབྲེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།

ཝང་ཏུང་ཧྥིན་སོགས་མཇལ་འཕྲད་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།