ཚེས7ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚི་དང་གྲོས་མོལ་གནང་།
ཚེས7ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚི་དང་གྲོས་མོལ་གནང་།
ལིས་ཆང་གིས་ཀྲུང་གོ་དང་ཕ་ཁི་སི་ཐན་གཉིས་ནི་འཐབ་ཇུས་མཉམ་ལས་ཟླ་གྲོགས་ཡིན། འབྲེལ་བ་བཙུགས་ནས་ལོ73འགོར་བའི་རིང་ལ་ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་གིས་ཕན་ཚུན་འགྲོ་འོང་དང་སྐྱིད་སྡུག་མཉམ་མྱོང་བྱས་ནས་སྲ་ཞིང་བརྟན་པའི་མཛའ་མཐུན་འབྲེལ་བ་བཏོད་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ལི་དང་མཇལ་འཕྲད་གནང་ནས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་འཆར་འགོད་དང་མཛུབ་ཁྲིད་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་དང་གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་བ། དུས་རབས་གསར་པའི་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་མགྱོགས་མྱུར་ངང་འཛུགས་འདོད་ཡོད་ཅེས་གསུངས།
ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན།མངའ་ཁོངས་ཆ་ཚང་བ་བཅས་ལ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཕ་ཁི་སི་ཐན་ཕྱོགས་ཀྱིས་མཐུན་སྒྲིལ་དང་བརྟན་ལྷིང་། བདེ་འཇགས། དར་རྒྱས་བཅས་མངོན་འགྱུར་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི“རིམ་སྤོར་པར་གཞི”གཏོད་རྒྱུ་ལྟེ་བར་བྱས་ཏེ་གཙོ་གནད་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཐོན་ལས་དང་། ཞིང་ལས། མཁའ་སྐྱོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཚོང་དོན་དངུལ་གཏོང་མཉམ་ལས་ཀྱི་གཞི་ཁྱོན་ཇེ་ཆེར་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་ཀྱི་སྤྱི་ཚོགས་དམངས་ཚིས་ཇེ་ལེགས་སུ་གཏོང་བ་དང་གནོད་རྗེས་བསྐྱར་སྐྲུན་བྱ་རྒྱུར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པ། ཕ་ཁི་སི་ཐན་ཕྱོགས་དང་མི་གཞུང་བརྗེ་རེས་ཧུར་ཐག་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བར་ཤུགས་སྣོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་། ལས་གཞི། ལས་ཁུངས་བཅས་ཀྱི་བདེ་འཇགས་ལ་མུ་མཐུད་དུ་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་འགན་སྲུང་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཞ་པ་ཚི་ཡིས་བསྟན་དོན། ཕ་ཁི་སི་ཐན་དང་ཀྲུང་གོའི་མཛའ་བརྩེ་དུས་ཡུན་རིང་ཞིང་བརྟན་པོ་ཡིན་ལ། ཕན་ཚུན་སྤུན་ཟླ་ལྟར་མཛའ་བརྩེ་ཡོད། ཐའེ་ཝན་དང་བོད། ཞིན་ཅང་། ཞང་ཀང་། རྒྱ་མཚོ་ལྷོ་མ་སོགས་དང་འབྲེལ་བའི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་འོག་ཕ་ཁི་སི་ཐན་དང་ཀྲུང་གོའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དཔལ་འབྱོར་ཚོང་དོན་དང་། དངུལ་གཏོང་། ཞིང་ལས། མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ་ཕ་ཁི་སི་ཐན་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་དང་ཕ་ཁི་སི་ཐན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་གྲུབ་འབྲས་སྔར་ལས་གཡུར་དུ་ཟ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཏ་སུའུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཀྲུང་གོའི་སྤྱི་དམངས་ལ་མྱ་ངན་ཞུ་རྒྱུ་དང་། སྟོབས་ཤུགས་ཡོད་ཚད་སྤྱད་དེ་ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་ལས་ཁུངས་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་ཡིན་ཟེར།
གྲོས་མོལ་བྱས་རྗེས་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་འགྲིམ་འགྲུལ་དང་། ཐོན་ལས། ཞིང་ལས། དམངས་ཚིས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་མཉམ་དུ་བདེན་དཔང་གནང་།
གྲོས་མོལ་གྱི་སྔོན་ལ། ལིས་ཆང་གིས་མཛད་སྒོ་བསྡུས་ནས་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚི་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས།
ཝུའུ་ཀྲིན་ལུང་གོང་གི་བྱེད་སྒོར་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།