ཞི་ཅིན་ཕིང་གིས་པཱ་ཞིའི་ཙུང་ཐུང་གཞོན་པ་ཨཱ་ཨར་ཁི་མེན་ལ་མཇལ་འཕྲད་གནང་།
2024.06.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ6པའི་ཚེས7ཉིན་གྱི་ཕྱི་དྲོ།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་འཚམས་འདྲིར་ཡོང་བའི་པཱ་ཞིའི་ཙུང་ཐུང་གཞོན་པ་ཨཱ་ཨར་ཁི་མེན་ལ་མཇལ་འཕྲད་གནང་།

ཟླ6པའི་ཚེས7ཉིན་གྱི་ཕྱི་དྲོ།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་འཚམས་འདྲིར་ཡོང་བའི་པཱ་ཞིའི་ཙུང་ཐུང་གཞོན་པ་ཨཱ་ཨར་ཁི་མེན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་པཱ་ཞི་གཉིས་ནི་བློ་སེམས་གཅིག་མཐུན་གྱི་གྲོགས་པོ་བཟང་པོ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་སྤུན་ཟླ་བཟང་པོ་ཡིན།     ན་ནིང་གི་ཟླ4པར་ང་དང་ཙུང་ཐུང་ལུའུ་ལཱ་གཉིས་བར་དུས་རབས་གསར་པའི་ཀྲུང་གོ་དང་པཱ་ཞིའི་འབྲེལ་བའི་འབྱུང་འགྱུར་གསར་པ་གཏོད་རྒྱུར་སྣེ་ཁྲིད་བྱ་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ལོ་གཅིག་ལྷག་གི་རིང་ལ། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་པར་བརྟེན་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་ཐད་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་།    དངོས་སྒྲུབ་མཉམ་ལས་ལ་རྒྱུན་ཆད་མེད་པར་སྤེལ་ལ།    རྒྱལ་སྤྱིའི་སྟེང་མཉམ་ལས་དམ་ཟབ་བྱས་པས་རང་སོ་སོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་མ་ཟད།    རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ཡང་སྲུང་སྐྱོང་ནུས་ལྡན་བྱས་ཡོད།

ཟླ6པའི་ཚེས7ཉིན་གྱི་ཕྱི་དྲོ།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་འཚམས་འདྲིར་ཡོང་བའི་པཱ་ཞིའི་ཙུང་ཐུང་གཞོན་པ་ཨཱ་ཨར་ཁི་མེན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་འཛམ་གླིང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་འཕྲད་ཡོད།    ཀྲུང་གོ་དང་པཱ་ཞི་གཉིས་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་གལ་ཆེན་ཡིན་པའི་ངོས་ནས་ཐུན་མོང་གི་འཐབ་ཇུས་ཁེ་ཕན་རྒྱ་ཆེན་པོ་ལྡན།    རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ལས་ཆེས་ཆེར་བརྒལ་ཡོད་པས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་དང་དེ་མིན་འཛམ་གླིང་གི་ཞི་བདེ་བརྟན་བརླིང་ལ་སྐུལ་འདེད་གཏོང་རྒྱུར་དཔེ་སྟོན་གྱི་དོན་སྙིང་ལྡན་ཡོད།     ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་རང་བཞིན་ཁོང་དུ་ཆུད་པར་བྱེད་པ་དང་།    རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཕན་ཁེ་རང་བཞིན་ཇེ་ཆེར་གཏོང་བ།    རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་རང་བཞིན་གསལ་བོར་མངོན་པ་བཅས་བྱས་ནས་འཐབ་ཇུས་མཉམ་ལས་རྒྱུན་མི་ཆད་པར་ཇེ་དམ་དུ་བཏང་སྟེ། ཀྲུང་གོ་དང་པཱ་ཞིའི་མཛའ་མཐུན་ལ་དུས་རབས་ཀྱི་ནང་དོན་གསར་པ་སྩོལ་དགོས།     ཀྲུང་གོ་ཕྱོགས་ཀྱིས་པཱ་ཞི་ཕྱོགས་དང་མཉམ་དུ་ཀུན་གྱི་སྔོན་ལ་སྐྱོད་ཕོད་པའི་གསར་གཏོད་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་རྒྱང་ལྟའི་རང་བཞིན་གྱི་མིག་རྒྱང་ཐོག་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་འཐབ་ཇུས་འཆར་འགོད་ཡག་པོ་བྱས་ནས། ཀྲུང་གོ་དང་པཱ་ཞི་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་རྒྱང་རིང་དམིགས་འབེན་གཏན་ཁེལ་གསལ་བོ་བྱེད་འདོད་ཡོད།  ཀྲུང་གོ་དང་པཱ་ཞི་ཡི་མཐོ་རིམ་མཐུན་སྦྱོར་དང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་སྲ་བརྟན་དུ་གཏོང་བ་དང་།  ལྗང་མདོག་དཔལ་འབྱོར་དང་གཞི་གྲངས་དཔལ་འབྱོར།    གསར་གཏོད་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས།    “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་པཱ་ཞི་ཡི“བཟོ་ལས་ཅན་བསྐྱར་དུ་བཟོ་བ”དང“ཨ་མེ་རི་ཁ་གླིང་ལྷོ་མའི་གཞི་གཅིག་ཅན་གྱི་ལམ་ཕྱོགས”སོགས་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱེད་ཤུགས་ཇེ་ཆེར་གཏོང་དགོས།     ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བྱས་ཏེ་ཁྲིམས་འཛུགས་སྒྲིག་གཞི་དང་སྲིད་ཏང་།    ས་གནས།    རིག་གནས།    སློབ་གསོ།    ཡུལ་སྐོར།    ན་གཞོན་སོགས་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། ཀྲུང་གོ་དང་པཱ་ཞི་ཡི་མཉམ་ལས་སྟོབས་ཤུགས་སྔར་ལས་མང་པོ་གཅིག་སྡུད་བྱས་ནས་འདེགས་སྐྱོར་སྔར་ལས་མང་པོ་འདོན་སྤྲོད་བྱ་རྒྱུ་ཡིན།     ཀྲུང་གོ་ཕྱོགས་ཀྱིས་པཱ་ཞི་ཡིས་རྒྱལ་སྤྱིའི་གར་སྟེགས་སྟེང་ནུས་པ་སྔར་ལས་ཆེན་པོ་འདོན་རྒྱུར་རྒྱབ་སྐྱོར་དང་། པཱ་ཞི་ཡིས་ད་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཡག་པོར་བསྡུ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་པཱ་ཞི་དང་བཅས་པའི་ལ་ཏེན་མེ་གླིང་དང་ཅཱ་ལི་པིས་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་ཕྱོགས་སོ་སོ་དང་འབྲེལ་གཏུག་དམ་ཟབ་བྱས་ནས། དུས་རབས་གསར་པའི་ཀྲུང་གོ་དང་ལ་ཏེན་མེ་གླིང་དང་ཅཱ་ལི་པིས་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཨཱ་ཨར་ཁི་མེན་གྱིས་ཙུང་ཐུང་ལུའུ་ལཱ་ཡིས་ཞི་ཅིན་ཕིང་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་བྱས་པ་དང་། ཁ་སང་ང་དང་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གཉིས་ཀྱིས་པཱ་ཞི་དང་ཀྲུང་གོའི་མཐོ་རིམ་མཐུན་སྦྱོར་དང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པར་བདེ་བླག་ངང་མགོ་འཛིན་བྱས་པ་དང་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།     ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོའི་མི་དམངས་དུང་ཕྱུར་འགའ་དབུལ་ཐར་བྱུང་བ་དེ་འཛམ་གླིང་གི་ངོ་མཚར་ཞིག་ཡིན་ཞེས་བརྗོད་ཆོག་ལ་འབྲེལ་ཡོད་ཉམས་མྱོང་དེ་པཱ་ཞི་ཡི་དཔྱད་གཞིར་འཛིན་པར་དོན་སྙིང་གལ་ཆེན་ལྡན།     པཱ་ཞི་སྲིད་གཞུང་གིས་དཀྱེལ་ཡངས་དང་རྒྱུན་མཐུད་ཀྱི་འཕར་སྣོན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་ལ། ཀྲུང་གོའི་བར་གྱི་འཐབ་ཇུས་འབྲེལ་མཐུད་གོང་དུ་སྤེལ་བར་ཤུགས་སྣོན་འདོད་ཡོད་པ་དང་། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་པཱ་ཞི་ལ་མ་དངུལ་གཏོང་བར་ཡོང་ནས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཞིང་ལས།  གཏེར་ཁ།    ནུས་ཁུངས་གསར་པའི་རླངས་འཁོར་བཅས་དང་དེ་མིན་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད།     པཱ་ཞི་དང་ཀྲུང་གོ་གཉིས་ཀས་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་ལ་སྲུང་སྐྱོང་བྱ་རྒྱུར་གཞོལ་བཞིན་ཡོད་པས་གནད་དོན་གལ་ཆེན་མང་པོའི་ཐད་འདུ་ཤེས་གཅིག་མཚུངས་ཡིན་པ་དང་མཉམ་ལས་ཀྱི་སྦས་ཤུགས་ཧ་ཅང་ཆེ་ལ་མདུན་ལམ་རྒྱ་ཆེན་པོ་ཡོད།    པཱ་ཞི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་མགོ་རྩོམ་ས་གསར་པར་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཕྱོགས་གཉིས་དང་ཕྱོགས་མང་གི་འཐབ་ཇུས་མཉམ་ལས་དམ་ཟབ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཐོ་ཚད་གསར་པར་སྤར་ཏེ། སྔར་ལས་ཞི་བདེ་དང་དྲང་གཞག རྒྱུན་མཐུད་བཅས་ཀྱི་འཛམ་གླིང་འཛུགས་སྐྲུན་བྱ་ཆེད་བྱས་རྗེས་འཇོག་འདོད་ཡོད་ཅེས་བཤད།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

ཤ་བོ་རིན་མཚོས་བསྒྱུར།