འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་དྲུག་པ་ཀྲེ་ཅང་དུ་བསྡུས།
2024.06.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

འབྲི་ཆུའི་་ཟུར་གསུམ་གླིང་གཞི་གཅིན་ཅན་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ཚེས6ཉིན་ཀྲེ་ཅང་ཝུན་ཀྲིག་ཏུ་བསྡུས་པ་དང་གྲུབ་འབྲས་གཡུར་དུ་ཟླ་བ་ཐོབ། གླེང་སྟེགས་ཀྱིས་དོན་དངོས་ལས་གཞིའི་གསལ་ཁྲ་བཅུ་ཁྱབ་བསྒྲགས་བྱས་པ་དང་། དེའི་ཁྲོད་ཞིང་ཆེན་བར་གྱི་འགྲིམ་འགྲུལ་ཕྱིར་བགྲོད་དང་སྨན་བཅོས་འགན་སྲུང་དངུལ་ཞིང་ཆེན་བརྒལ་ནས་རྩིས་རྒྱག་པའི་ཐད་ནས་སྤུས་འདེགས་རྒྱ་སྐྱེད་བྱེད་པ། རྒན་གསོ་ཞབས་ཞུ་གཞི་གཅིག་ཅན་དུ་བསྒྱུར་བ་སོགས་འདུ།

སྐོར་ཐེངས་དང་པོའི་འབྲི་ཆུའི་ཟུར་གསུམ་གླིང་གི་ཁུལ་ཁོངས་བརྒལ་བའི་གསར་གཏོད་མཉམ་འབྲེལ་ཚོགས་པ་བཅུ་གཉིས་བཙུགས། མཉམ་འབྲེལ་ཚོགས་པས་ལེགས་བསྡུས་གློག་ལམ་དང་སྐྱེ་དངོས་སྨན་བཅོས། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ནས། མཉམ་ལས་སྒོས་ཐོན་ལས་ཀྱི་གནད་འགག་སྲོག་ཤིང་ལག་རྩལ་མཉམ་འབྲེལ་འགག་སྒྲོལ་སྤེལ་ནས། མཉམ་དུ་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་སུ་བཏང་།

རིན་ཆེན་མཚོས་བསྒྱུར།