ལིས་ཆང་གིས་ནེའུ་ཙི་ལན་དང་ཨོ་སི་ཁྲུ་ལི་ཡཱ། མཱ་ལེ་ཞི་ཡཱ་བཅས་ལ་འཚམས་འདྲི་གནང་རྒྱུ་རེད།
2024.06.11 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 19

ནེའུ་ཙི་ལན་གྱི་ཙུང་ལི་ལཱ་ཁི་སིན་དང་། ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པཱ་ཉི་སི། མཱ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་བཅས་ཀྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ6པའི་ཚེས13ཉིན་ནས་ཚེས20ཉིན་བར་ནེའུ་ཙི་ལན་དང་། ཨོ་སི་ཁྲུ་ལི་ཡཱ། མཱ་ལེ་ཞི་ཡཱ་བཅས་ལ་དངོས་གཞིའི་འཚམས་འདྲི་གནང་རྒྱུ་རེད། ཨོ་སི་ཁྲུ་ལི་ཡཱར་འཚམས་འདྲི་གནང་སྐབས་ཙུང་ལི་ལིས་ཆང་གིས་ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨར་པཱ་ཉི་སི་དང་མཉམ་དུ་སྐོར་ཐེངས་དགུ་བའི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་ཙུང་ལིའི་ལོ་འཁོར་མཇལ་འཕྲད་བསྡུ་རྒྱུ་རེད།

ཤ་བོ་གསེར་མཚོས་བསྒྱུར།