ལིས་ཆང་གིས་གློག་འཕྲིན་བཏང་ནས་མོ་ཏིས་ཀྱིས་རྒྱ་གར་གྱི་ཙུང་ལིའི་འགན་བསྟུད་མར་འཁུར་བར་རྟེན་འབྲེལ་ཞུས།
2024.06.11 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 13

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས11ཉིན་མོ་ཏིས་ལ་གློག་འཕྲིན་བཏང་ནས་ཁོས་ཡང་བསྐྱར་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིའི་འགན་འཁུར་བར་རྟེན་འབྲེལ་ཞུས།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་ངང་འཕེལ་རྒྱས་ཕྱིན་པ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་ཇེ་ཆེར་གཏོང་རྒྱུར་ཕན་པ་ཡོད་པར་མ་ཟད། འཛམ་གླིང་ཧྲིལ་པོ་དང་ས་ཁུལ་ལ་བརྟན་ལྷིང་རང་བཞིན་དང་དྲང་ཕྱོགས་ཀྱི་ནུས་ཤུགས་ཀྱང་སྣོན་ཐུབ། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཤ་བོ་གསེར་མཚོས་བསྒྱུར།