ཟླ6པའི་ཚེས11ཉིན། ཞིང་ཆེན་ཏང་ཨུས་ཆབ་སྲིད་ལྷག་བསམ་བརྟན་པོར་བཅངས་པ་དང་ཁག་ཁུར་དངོས་སྒྲུབ་ལ་ཤུགས་བསྣན་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་དུ་ལག་བསྟར་དོན་འཁྱོལ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་། མིག་སྔར་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བསྐྱར་དྲན་བྱས་པ་དང་། སློབ་སྦྱོང་དང་ལག་བསྟར་བྱས་ཚུལ་ཕྱོགས་སྡོམ་བྱས་ལ། ལག་བསྟར་དོན་འཁྱོལ་བྱེད་ཐབས་སྔར་ལས་གསལ་བར་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ནས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མར་མངགས་བཅོལ་བློ་ལ་བརྟན་པོར་བཅངས་པ་དང་། དྲིན་བཟོ་མདུན་སྐྱོད་བྱེད་པ། བསམ་བློ་དང་བྱ་སྤྱོད་ལ་བརྟེན་ནས་ཡང་བསྐྱར་ཚད་བསྡུར་དང་ལག་བསྟར་དོན་འཁྱོལ་ལ་བརྟེན་ནས་ཡང་བསྐྱར་བཀོད་སྒྲིག་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རྒྱུན་མཐུད་ངང་སློབ་སྦྱོང་དང་ལག་ལེན། གོ་བ་གཏིང་ཟབ་ལོན་པ་བཅས་བྱེད་པར་སྐུལ་ལྕག་བཏང་།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅིན་གྱིས་སྣེ་ཁྲིད་དེ་སློབ་སྦྱོང་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས།
ཁྲིན་ཀང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་གོ་གནས་གཏན་ཁེལ་གསལ་བོ་བཟོས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསལ་པོར་བསྟན་ནས། མཚོ་སྔོན་གྱིས་དེང་རབས་ཅན་གྱི་སྐྱོད་ལམ་གསར་པར་འབད་པས་བསྐྱོད་པར་བརྗིད་ཉམས་ལྡན་པའི་འཆར་གཞི་ཆེན་པོ་རིས་སུ་བཀོད་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་བྱ་བ་ཡོད་ཚད་ཀྱི་བརྗོད་དོན་གསལ་པོ་དང་ཐོག་མཐའ་བར་གསུམ་དུ་ཁྱབ་པའི་གཙོ་གནད་དུ་བརྩིས་ནས་རྒྱུན་འཁྱོངས་ལྷོད་མེད་སྒོས་ལག་བསྟར་བྱེད་པ་དང་། ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱས་ཏེ། ཕྱོགས་སོ་སོའི་བྱ་བར་གྲུབ་འབྲས་གསར་པ་བླངས་ཡོད། མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་རེ་རེ་དང་བྱུང་བའི་འགྱུར་ལྡོག་རེ་རེ་ཡི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཐུགས་ཁུར་དང་མཐོང་ཆེན་གང་ལེགས་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་དུ་གྱུར་བའི་དེད་དཔོན་ཡིན་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བཅས་ལ་ཐུག་ཡོད་པ་ལག་ལེན་ལས་ར་སྤྲོད་བྱུང་ཡོད། ང་ཚོས་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་དེད་ནས་མདུན་དུ་བསྐྱོད་པ་དང་། ཏན་ཏན་ཏིག་ཏིག་གིས་བྱ་བ་སྒྲུབ་པ་དང་དོན་འཁྱོལ་དམ་འཛིན་བྱས་ཚེ། བྱ་བ་སྣ་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་ཐུབ།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། སྐྱོད་ལམ་གསར་པར་འབད་པས་བསྐྱོད་དེ་མཚོ་སྔོན་གྱི་བྱ་བ་བཟང་བོར་སྒྲུབ་པའི་དཀྱིལ་སྙིང་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་རྒྱུ་དེ་ཡིན། རང་རྟོགས་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ནས། ལས་བྱེད་པས་ལས་ལ་འབད་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པ་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལག་ལེན་པ་བརྟན་པོ་དང་དངོས་སྒྲུབ་པ་ཡག་པོ་བྱེད་དགོས། སྔར་ལས་མཐོ་སར་ལངས་ནས་མཚོ་སྔོན་གྱི་བྱ་བར་ཞིབ་ལྟ་བྱས་ཏེ། རང་རྟོགས་སྒོས་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་གོ་གནས་དང་འགན་འཁྲི་ཁོང་དུ་ཆུད་པ་དང་། སྲིད་ཇུས་དང་བྱེད་ཐབས། ཆོས་ཉིད། འཕེལ་ཕྱོགས་བཅས་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་པ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། མཐའ་འཁོར་གྱི་ཞིང་ཆེན་བར་གྱི་འབྲེལ་འདྲིས་དང་འབྲེལ་མཐུད་ལ་ཤུགས་སྣོན་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་སྔར་ལས་ཞབས་ཞུ་ལེགས་པོ་བྱེད་དགོས། ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་བྱ་བའི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བ་དང་། རང་བྱུང་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། རི་སྔོ་ཆུ་དྭངས་གསེར་རི་དངུལ་རིར་བསྒྱུར་བའི་བགྲོད་ལམ་འཚོལ་ཞིབ་བྱེད་པ་སོགས་ཀྱི་ཐད་ཉམས་མྱོང་འདོན་སྤྲོད་དང་དཔེ་སྟོན་བྱས་ནས། འབད་བརྩོན་སྒོས་མཐོ་དབུས་མཐོ་སྒང་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སར་བསྐྲུན་དགོས། བླང་བྱ་སྔར་ལས་མཐོན་པོར་བརྟེན་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། སྔ་མོ་ནས་དམ་འཛིན་དང་དོ་དམ་ནན་མོ་བྱེད་པ། དགོངས་གཞི་ནན་མོ་དང་བྱེད་ཐབས་ནན་མོ། ངང་ཚུལ་ནན་མོ་བཅས་ཡུན་རིང་རྒྱུན་འཁྱོངས་བྱས་ནས། ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་། སྒྲིག་ཁྲིམས་ནན་མོར་བརྟེན་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་སྟེང་། ཞིང་ཆེན་གྱི་འགོ་ཁྲིད་ལིའུ་མེ་ཕེན་དང་། ཚེ་རིང་ཐར། དབྱང་ཧྥ་སིན། པད་ཁོ། ཝང་ཝེ་ཏུང་། ལིའུ་ཐའོ་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ་བ་དང་། ཀྲུའུ་ཞང་ཧྥིན་གྱིས་ཞིང་ཆེན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་སྤྱིའི་གནས་ཚུལ་ཡར་ཞུ་བྱས། མཚོ་ནུབ་ཁུལ་ཏང་ཨུ་དང་མེན་ཧོ་རྫོང་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ་དང་། དར་ལག་རྫོང་ཁྲ་གླིང་དགོན་པའི་བཅའ་སྡོད་ལས་བྱེད་པས་བསམ་བློའི་ངོས་འཛིན་དང་འཕེལ་རྒྱས་ཀྱི་འགྱུར་ལྡོག་གླེང་ནས། རིགས་སོ་སོའི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཅངས་པའི་དགའ་གུས་དང་། རླབས་ཆེན་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་མཚོན་པར་བྱས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་སྡེ་ཁག་སོ་སོ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་སྨྱན་བྱད། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།