ཟླ6པའི་ཚེས12ཉིན། རྒྱལ་ཡོངས་འཕྲོད་བསྟེན་བདེ་ཐང་མ་ལག་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ལིས་པེན། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་བཅས་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།
གྲོས་ཚོགས་ལས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་དུ་འཕྲོད་བསྟེན་བདེ་ཐང་མ་ལག་གིས་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། གྲོས་ཚོགས་ལས་བོད་ལྗོངས་ཀྱི་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཆ་ཚང་ཡང་དག་དང་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བ་དམིགས་སུ་འཛིན་པ་དང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དང་དོ་སྙོམ་ཁྱབ་སྤེལ། སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་མཐོར་འདེགས་གཏོང་བ། བདེ་ཐང་དབུལ་སྐྱོར་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ། བདེ་ཐང་གྲོང་གསེབ་འཛུགས་སྐྲུན་སོགས་ཀྱི་ལས་དོན་ཁག་སོ་སོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་ཆེད་ནུས་ཡོད་ཀྱི་བདེ་ཐང་འགན་སྲུང་འདོན་སྤྲོད་བྱེད་དགོས་པ་ནན་གྱིས་བསྟན།
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ལས་ཞིང་སྡེ་པུའུ། རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་ཅུའུ། རྒྱལ་ཁབ་རིམས་ནད་འགོག་སྡོམ་ཅུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཟི་དང་ཅུའུ། ལས་ཁུངས་བཅས་དང་། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། མཚོ་སྔོན་གྱི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་བཅས་གྲོས་ཚོགས་ལ་ཞུགས། པེ་ཅིང་དང་། ཐེན་ཅིན། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་བཅས་ཀྱི་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་། མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ་ཞིང་། རོགས་སྐྱོར་མཁན་དང་རོགས་སྐྱོར་དང་ལེན་ཕན་ཚུན་གྱིས་རོགས་སྐྱོར་གྲོས་གཞིར་མིང་རྟགས་བཀོད་པར་མ་ཟད་བྱ་བ་སྦྲེལ་མཐུད་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།