ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ།
2024.06.13 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 52

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། ཧྲན་ཏུང་ཡན་ཐེ་དང་། ཅང་སུའུ་དབྱང་ཀྲིག་སོགས་ས་ཁུལ་དུ་ཏང་ཡོན་ལས་བྱེད་པར་སྣེ་ཁྲིད་བྱས་ཏེ་སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་རྟོགས། སྒྲིག་ཁྲིམས་གསལ་འབྱེད། སྒྲིག་ཁྲིམས་བརྟན་སྲུང་བཅས་བྱས་ནས། སྒྲིག་ཁྲིམས་སྒྲིག་སྲོལ་དེ་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་རང་རྟོགས་སུ་འགྱུར་བར་བྱས།

ཧྲན་ཏུང་ཡན་ཐེ་རུ་སྲིད་ཇུས་རིགས་བགར་ལག་བསྟར་བྱས་ཏེ། ཏང་ཀྲི་པུའུ་ཡིས་ཡོངས་ཁྱབ་ཏུ་སློབ་སྦྱོང་བྱེད་པ་དངོས་སུ་དམ་འཛིན་བྱས་པ་དང་། ཏང་གི་སྒྲིག་ཁྲིམས་བྱེད་ཕྱོགས་ཀྱི་སྒྲོག་འགྲེལ་ཚོགས་པ་རྩ་འཛུགས་བྱས་ནས། མིག་སྔར་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་སྒྲོག་འགྲེལ་བྱ་བ་བསྡོམས་པས་ཐེངས་གོ་གཉིས་སྤེལ་ཚར། དཔེ་གཞི་ནི་ཆེས་བཟང་བའི་སློབ་དེབ་ཡིན། ཡན་ཐེའི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཉེ་གམ་གྱི་དོན་དག་གིས་ཉེ་གམ་གྱི་མི་ལ་སློབ་གསོ་གཏོང་བ་དང་། ཉེ་གམ་གྱི་དཔེ་གཞིས་ཉེ་འགྲམ་གྱི་མི་ལ་ཉེན་བརྡ་གཏོང་བ་རྒྱུན་འཁྱོངས་བྱས་ཤིང་། དཔེ་གཞི་རེ་རེས་ཏང་ཡོན་ལས་བྱེད་པར་ཅི་ཞིག་བསྒྲུབ་ཐུབ་པ་དང་། ཅི་ཞིག་བསྒྲུབ་མི་ཉན་པ་ཤེས་སུ་བཅུག་ཅིང་། རང་རྟོགས་སྒོས་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་བེད་སྤྱད་ནས་བསམ་བློ་དང་བྱ་སྤྱོད་ཚུལ་ལྡན་དུ་བཏང་།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཁྲོད། ཡན་ཐེ་གྲོང་ཁྱེར་གྱི་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དུས་ངེས་མེད་དུ་ཁེ་ལས་གདན་ཞུ་བྱས་ནས་བཞུགས་མོལ་བརྗེ་རེས་བྱས་ཤིང་། ལས་བྱེད་པའི་བྱེད་ཕྱོགས་འདྲི་རྟོགས་རྒྱུགས་ཤོག་བཀྲམ་པ་དང་། སྲིད་ཚོང་འགྲོ་འོང་གི་ལྡོག་ཕྱོགས་གསལ་ཁྲ་བཙུགས་ནས། ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཁྲོད་ཀྱི་ཏང་གི་སྒྲིག་ཁྲིམས་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་།

ཅང་སུའུ་དབྱང་ཀྲིག་ཏུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བྱ་བ་ཉིན་རྒྱུན་དང་འདྲེས་པ་རྒྱུན་འཁྱོངས་བྱས་ཏེ། སྲོལ་ཡིག་ལེའུ་ལྟར་དང་རིམ་པ་ལྟར་བསླབ་པར་དམ་པོར་དམིགས་ནས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་དང་། མགོ་ཁྲིད་ལས་བྱེད་པའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་ཐེངས་སྟོང་གཉིས་སུམ་བརྒྱ་བཞི་བཅུ་སྤེལ་ཞིང་། གཞི་རིམ་ཏང་རྩ་འཛུགས་ཁྲི་གཅིག་སྟོང་དྲུག་ལ་ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག་དང་། བརྗོད་དོན་ཏང་གི་ཉིན་མོ་སོགས་ཀྱི་བྱ་འགུལ་ཐེངས་ཁྲི་ལྔ་དང་སྟོང་གཉིས་སྤེལ། ཧྲུའུ་ཅིའི་ཏང་གི་སློབ་ཚན་སྣེ་ཁྲིད་སློབ་སྦྱོང་དང་། ཀྲི་པུའུ་ཡིས་སློབ་སྦྱོང་ཐབས་ལམ་སྐྱེལ་བ། དྲ་ལམ་འདེད་སྐྱེལ་མཉམ་སློབ། ཡུལ་དངོས་མྱོང་ཚོར་ཞིབ་སློབ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ལས་སྒྲུབ་ལས་གཏོད་ཀྱི་འཇོན་ནུས་ངོ་མར་འགྱུར་བར་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།