ཟླ6ཚེས13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལའེ་ཡིས་པེ་ཅིང་དུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་སློབ་གསོ་པུའུ་ཡི་པུའུ་ཀྲང་རོན་ཀྲུང་དབྱི་དང་གྲོས་མོལ་གནང་།
ལི་ཧྲུའུ་ལའེ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་རྣམ་གཉིས་བར་བྱུང་བའི་ཐུན་མོང་འདུ་ཤེས་གལ་ཆེན་མཉམ་དུ་དངོས་འབེབས་བྱས་ཏེ། དྲིལ་སྒྲོག་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་བརྗེ་རེས་གཏིང་ཟབ་བྱེད་པ། སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་བཏང་ནས། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུར་འཐད་པ་ཡིན།
རོན་ཀྲུང་དབྱི་ཡིས་བཤད་རྒྱུར། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ་དང་། ཆབ་སྲིད་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ། ཁ་གཏད་སྡེ་ཁག་གི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། ཡོ་ནན་དང་ཀྲུང་གོའི་བརྩེ་བ་དྲིལ་སྒྲོག་བྱེད་པར་ཤུགས་བསྣན་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་སྤྱི་ཚོགས་རིང་ལུགས་ལས་དོན་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན།
རིག་འཛིན་སྒྲོལ་མས་བསྒྱུར།