ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2024.06.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 22

ཟླ6ཚེས14ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་ནས་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ལ། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ཕན་ཡོན་སྦྲེལ་མཐུད་བྱེད་པ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་བསྟན་དོན། ན་ནིང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པ། གནད་དོན་ཁྲིད་ཕྱོགས་སུ་འཛིན་པ། དཔེ་དེབ་གཅིག་ལ་གསལ་ཁྲ་གཅིག་དང་ཁས་ལེན་གཅིག་ལ་དམིགས་ཏེ། གཟབ་ནན་དོན་དངོས་ནས་མགོ་རྩོམ་པ་དང་དངོས་སྒྲུབ་དངོས་ལས་བྱེད་པ། དོན་དངོས་ལྟར་དག་ཐེར་དམ་འཛིན་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ཕན་ཡོད་སྦྲེལ་མཐུད་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་བས། གྲུབ་འབྲས་གཟེངས་སུ་ཐོན་ནས་རྒྱལ་ཁ་བླངས་ཡོད། བྱ་བ་སོ་སོར་ཡར་ཐོན་བྱུང་བ་དེ་ནི། སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་ཟབ་མོ་གནང་པའི་གྲུབ་འབྲས་ཡིན་ལ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་རྒྱབ་སྐྱོར་ཚད་མེད་བྱས་པའི་མཇུག་འབྲས་ཡིན་པར་མ་ཟད། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་དཀའ་སྤྱད་ཧུར་བརྩོན་བྱས་པའི་འབྲས་བུ་ཡིན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ནན་ཏན་གྱིས་དངོས་འབེབས་བྱས་ཏེ། དཔྱད་ཞིབ་ཀྱི་མཇུག་འབྲས་ལ་གསལ་དག་གིས་བལྟ་བ་དང་། ལྷོད་གཡེང་སྒྱུད་ལུག་གི་བསམ་པ་འཛིན་པ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། ཡིད་ཆེས་ཇེ་བརྟན་དང་གཅིག་ཤེས་ཀུན་གྲོལ་བྱས་ཏེ། དཔྱད་ཞིབ་ལན་འདེབས་དང་དཔྱད་འཇོག  རང་བརྟག་ཤེས་རྟོགས་སོགས་ཀྱི་གནད་དོན་ལ་དམིགས་ནས། ཇི་མ་ཇི་བཞིན་གནད་དོན་དག་ཐེར་དང་བྱ་བ་དངོས་འབེབས་བྱེད་དགོས། མགོ་ཁྲིད་ལས་བྱེད་པའི་ནུས་པ་མུ་མཐུད་དུ་འདོན་སྤེལ་གང་ལེགས་བྱས་ཏེ། ལས་ཡུལ་དང་པོའི་ལས་བྱེད་པར་སེམས་ཁུར་གཅེས་སྐྱོང་བྱེད་པར་ཤུགས་སྣོན་དང་། སྔོན་ཐོན་དཔེ་མཚོན་འདེམ་པ་དང་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་ཚད་ཇེ་ཆེར་གཏོང་བ། ལས་བྱེད་པར་བརྩོན་སེམས་ཀྱིས་ཁེངས་པ་སྲུང་འཛིན་བྱེད་པར་སྐུལ་སློང་བྱེད་པ། གཞི་རིམ་བཅོས་སྐྱོང་གི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བྱས་རྗེས་འཇོག་པའི་ངར་ཤུགས་དང་རྗེས་ལུས་མི་འདོད་པའི་ངར་སེམས་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

གྲོས་ཚོགས་ནས་བསྟན་དོན། ན་ནིང་གི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་གཅིག་ཅན་བཅུའི་བྱ་བའི་བླང་བྱ་ནན་ཏན་གྱིས་དངོས་འབེབས་བྱས་པ་དང་། ཟླ་ཟུང་བཀོད་གཏོང་གཅིག་དང་དུས་ཚིགས་དཔྱད་འཇོག་གཅིག ལོ་མཇུག་དཔྱད་འཇོག་གཅིག་བཅས་ཀྱི་འགན་འཁྲི་ནན་དཀྲི་བྱས་པ་བརྒྱུད། ནུས་ཤུགས་ཡོད་རྒུ་བཏོན་ནས་མི་འདང་ས་གསབ་ཅིང་ཉམ་ཞན་ཇེ་དྲག་ཏུ་བཏང་པ། དགེ་མཚན་དར་སྤེལ་དང་བྱ་བ་སོ་སོར་ཐོལ་བརྒལ་རང་བཞིན་གྱི་འཕེལ་འབྲས་ཡོད་པར་བྱས་ནས། ལོ་གཅིག་གི་ཆེས་མགྱོགས་པོའི་ཡར་ཐོན་གྱི་དུས་རིམ་རང་བཞིན་གྱི་དམིགས་འབེན་བདེ་བླག་ངང་མངོན་འགྱུར་བྱུང་། གྲུབ་འབྲས་འདི་འདྲ་བླངས་པ་དེས་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་མཐུན་སྒྲིལ་མཉམ་ལས་དང་མཉམ་ཤུགས་གྲུབ་པར་བྱས་པ་བདེན་དཔང་བྱེད་ཐུབ། སྒྲུབ་འདོད་པ་དང་སྒྲུབ་ཕོད་པ། སྒྲུབ་ཤེས་པ་ཡིན་ན་དམིགས་འབེན་ལེགས་འགྲུབ་འབྱུང་ཐུབ་ངེས་རེད།

གྲོས་ཚོགས་སྟེང་ཐོག་མཐའ་བར་གསུམ་དུ་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དངོས་འབེབས་བྱེད་པའི་བྱེ་བྲག་གི་བྱེད་ཐབས་སུ་བརྩི་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བའི་མཐོ་ཚད་ལས་ལངས་པ་དང་། མཚོ་སྔོན་གྱི་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་ནས་ཤུགས་སྐྱེད་སྐུལ་འདེད་གཏོང་དགོས། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས། དུས་རབས་གསར་བའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། མ་ལག་བཅོས་སྐྱོང་དང་ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། མགོ་ཁུངས་བཅོས་སྐྱོང་བཅས་བསྒྲུབ་ཐུབ་པར་བྱེད་དགོས། ད་ལྟ་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་བྱ་བའི་བླང་བྱ་ལག་བསྟར་ནན་མོ་བྱེད་པ་དང་། རིམ་པ་རེ་རེ་བཞིན་འགན་འཁྲི་ནན་མོ་བྱེད་དགོས་ཤིང་། ཉམས་མྱོང་སྤྱི་སྡོམ་དང་མི་འདང་སར་བསམ་བློ་བཏང་ནས། བློ་བརྟན་འགྱུར་མེད་སྒོས་སྔར་ལས་ཆུ་ཚད་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་དགོས་པ་ནན་གྱིས་བསྟན།

རིག་འཛིན་སྒྲོལ་མས་བསྒྱུར།