ཟླ6པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པའི། 2024ལོའི་ཀོར་པང་དུས་ཆེན་གྱི་ཇ་སྟོན་ཚོགས་འདུ་ཟི་ལིང་དུ་འཚོགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་མཱ་ཧྥུན་ཧྲིན། བློ་མཐུན་རྒན་པ་ཀྲང་ཡུས་ལིན། དེ་མིན་ཧོས་རིགས་དང་ཟ་ལར་རིགས་སོགས་ཀྱི་འཐུས་མི་ཁག་གཅིག་བཅས་མཉམ་འཛོམས་བྱས་ནས། དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་མཛའ་མཐུན་གྱི་གཏམ་གླེང་ལ་ཅི་དགར་རོལ།
ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཧོས་རིགས་དང་ཟ་ལར་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླ་ཚོའི་དུས་ཆེན་ལ་སྨོན་འདུན་བཟང་བོ་ཕུལ། ཉེ་བའི་ལོ་འདི་དག་གི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་སྲ་བརྟན་དུ་གཏོང་རྒྱུ་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བཅས་བྱས་པའི་དབང་གིས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད། ཞིང་ཆེན་ཡོངས་ཀྱི་ཧོས་རིགས་དང་ཟ་ལར་རིགས་སོགས་གྲངས་ཉུང་མི་རིགས་སྤུན་ཟླ་རྣམས་ཀྱིས། “ཁ་འབྲལ་ཐབས་མེད་པ་གསུམ”དང“མཉམ་སྤྱོད་བཞི”།“ཁས་ལེན་ལྔ”བཅས་བརྟན་པོར་བཙུགས་ནས། མི་རིགས་སོ་སོའི་མི་དམངས་དང་མཉམ་དུ་སེམས་ཤུགས་གཅིག་སྒྲིལ་དང་དཔའ་སྐྱེད་མདུན་སྐྱོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་ཆེད་བྱས་རྗེས་གང་ལེགས་བཞག་ཡོད། ཞིང་ཆེན་ཡོངས་ཀྱི་ཧོས་རིགས་དང་ཟ་ལར་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླ་རྣམས་ཀྱིས་སྔར་སྲོལ་རྒྱུན་འཛིན་དང་མུ་མཐུད་མདུན་སྐྱོད་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། “གཏན་ཕབ་གཉིས”ལ་གོང་བཀུར་མཐའ་གཅིག་ཏུ་བྱེད་པ་དང་། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ། “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་སྲ་བརྟན་དུ་བཏང་སྟེ། མི་རིགས་སོ་སོའི་མང་ཚོགས་ཚང་མ་སྤུན་མཆེད་བཞིན་མཐུན་ཞིང་། ཕན་ཚུན་བར་སོ་སྲུང་རོགས་རེས་དང་མཐུན་སྒྲིལ་འབད་བརྩོན། གསར་གཏོད་ཡར་རྒྱས་བཅས་བྱས་ནས། སྔར་ལས་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བར་བསུ་མ་བྱེད་དགོས་པའི་རེ་བ་བཏོན།
ཇ་སྟོན་ཚོགས་འདུའི་སྟེང་དུ། རིག་རྩལ་ལས་ཀ་བྱེད་མཁན་གྱིས་ངོ་མཚར་ཆེ་བའི་ལྟད་མོ་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།